ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ལྷ་ས་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་སུ་བརྟག་ཞིབ་གནང་བར་ཕེབས་ཏེ།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་གནང་ཡོད། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་བརྟག་ཞིབ་དང་སྒྲོག་འགྲེལ་གནང་རྗེས། གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་འཕྲལ་མར་ཆེད་དོན་སློབ་སྦྱོང་ཚོགས་འདུ་སྒྲིག་འཛུགས་བྱས་ནས་གཅིག་སྡུད་སློབ་སྦྱོང་དང་མི་སྒེར་གྱི་རང་སྦྱོང་གི་བྱ་ཐབས་སྤྱད་དེ་རིམ་པ་རེ་རེ་བཞིན་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་བཏོན་པའི་ཞིབ་ཕྲའི་བླང་བྱ་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་བ་དང་།འབྲུབ་འགོག་གེགས་སེལ་དང་ཐོན་སྐྱེད་བདེ་འཇགས་ཀྱི་ལས་དོན་ཁག་སྔར་བས་དམ་འཛིན་བྱས་ཏེ། འབྲུབ་དུས་ཀྱི་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་བདེ་འཇགས་བཅས་ལ་འགན་ལེན་བྱས་ཡོད།
ལྷ་ས་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་སུ་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཕྱོགས་བསྡུས་མཐུན་སྦྱོར་དང་བརྟག་དཔྱད་དཔྱད་དཔོག་ཁོའོ་དང་། ཐོན་སྐྱེད་བདེ་འཇགས་ཁྲིམས་འཛིན་ཉིང་ལག་རུ་ཁག་ཏུ་ཕེབས་ཏེ་ལས་བྱེད་པ་དང་ལས་བཟོ་བར་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་འབྲེལ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ངོ་ཐུག་གདོང་འཕྲད་ཀྱིས་སྒྲོག་འགྲེལ་གནང་བ་རེད། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པས། འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པ་དང་། དོན་སྙིང་གལ་ཆེན་ལྡན་ཡོད། གྲོང་ཁྱེར་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་མ་ལག་གིས་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། ཉེན་ཁ་སྔོན་འགོག་དང་། བདེ་འཇགས་འགན་ལེན། བརྟན་ལྷིང་སྲུང་སྐྱོབ། འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་སྟོབས་ཤུགས་ཆེན་པོར་བསྒྱུར་ནས་འཕྲལ་སྡོམ་དོ་དམ་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གང་མགྱོགས་བཏང་ཐོག མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས་པ་རེད། གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཕྱོགས་བསྡུས་མཐུན་སྦྱོར་དང་བརྟག་དཔྱད་དཔྱད་དཔོག་ཁོའོ་ཡི་ཁོའོ་ཀྲང་ལི་ཅིན་ཧྥེང་གིས་ང་ཚོས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གཞིར་བཟུང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔ་བས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་དང་ཟུང་འབྲེལ་བྱས་ཏེ། ཉེན་ཁའི་འདུ་ཤེས་ཟབ་ཏུ་བཏང་ཐོག ཆུ་འབྲུབ་དུས་ཀྱི་ཐོན་སྐྱེད་བདེ་འཇགས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དང་། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་དང་ཨར་ལས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ལས་ཀའི་འགན་འཁྲི་ནན་དུ་གཏོང་རྒྱུ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་ཏན་ཏིག་བྱ་རྒྱུ་ཡིན་ཞེས་བཤད།
ཉིན་དེར། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ད་དུང་བརྙན་ལམ་ཐོག་ནས་གྲོང་ཁྱེར་ཡོངས་ཀྱི་འབྲུབ་འགོག་གེགས་སེལ་ལས་དོན་སྤེལ་ཚུལ་བཀོད་གཏོང་གནང་བ་དང་། རྫོང(ཆུས)ཁག་དང་ནུས་པའི་གླིང་ཁུལ་ཁག་གི་སྙན་ཞུར་གསན་ནས་ཕྱིས་འབྱུང་གི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་བ་རེད། ཁོང་གིས་མིག་སྔར་འབྲུབ་འགོག་གི་འགག་རྩའི་དུས་སྐབས་དང་ཏག་ཏག་འཁེལ་ཡོད་པས་ཆར་པ་འབབ་ཤུགས་ཆེས་ཆེར་འཕར་བ་དང་རང་བྱུང་གནོད་འཚེ་ཡང་ཡང་ཐོན་སླ་བ་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱེད་དགོས་པ་སྟེ།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社