分享按钮

གྲོང་ཨུད་རིཊ་གཞུང་སློབ་སྦྱོང་ལྟེ་བའི་ཚོཊ་ཆུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊ་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་སློབ་སྦྱོང་ཚོཊ་འདུ་འཚོཊ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་2ཉིན་གྱི་ཕྱི་དྲོར། གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་པ་རེད།

ཚོགས་འདུའི་ཐོག ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དགེ་རྒན་ཆེ་མོ་བ་དང་། དོ་དམ་རིག་པའི་འབུམ་རམས་པ། རྒྱལ་ཁབ་འཐབ་ཇུས་རིག་མཛོད་ཀྱི་རིགས་གཅིག་མཁས་ཅན་ཅང་ཕིང་གདན་དྲངས་ནས་ཆེད་དོན་ཟུར་ཁྲིད་དང་སློབ་ཁྲིད་གནང་བ་རེད།ཁོང་གིས་གྲོང་ཁྱེར་ཡོངས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། དོན་ཆེན་བཞིར་དམིགས་པ། འཛུགས་གཏོད་བཞིར་ཤུགས་རྒྱག་པ།གདོང་དམག་བདུན་ཡག་པོ་བྱེད་པ་བཅས་ལ་དམིགས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་བསམ་བཀོད་དང་བྱ་ཐབས་བསླབས་གནང་བ་རེད།

གྲོང་ཁྱེར་གྱི་འགོ་ཁྲིད་ཝང་མིང་ཀྲེ་དང་། ཀྲང་ཏིང་ཁྲེང་། ཞུས་ཧའེ། སྐལ་བཟང་ཚེ་བརྟན་བཅས་ཀྱིས་གཏམ་བཤད་སྤེལ་བ་དང་། རྒྱུན་ལས་ཨུ་ཡོན་གཞན་དག་གིས་ཡིག་ཐོག་གཏམ་བཤད་སྤེལ་བ་རེད།ཁྲེན་ཅིང་དང་མ་ཝུན་ཆིང་། ས་ཁུལ་རིམ་པའི་འགོ་ཁྲིད་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད། ཝང་ཧུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-05 6 6 拉萨日报藏文 c185770.html 1 གྲོང་ཨུད་རིཊ་གཞུང་སློབ་སྦྱོང་ལྟེ་བའི་ཚོཊ་ཆུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊ་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་སློབ་སྦྱོང་ཚོཊ་འདུ་འཚོཊ་པ། /enpproperty-->