分享按钮

གྲོང་ཁྱེར་སྲིད་གྲོས་དང་གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས“རིག་དཔལ་དར་བའི་སྲིད་གྲོས།ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུ”ཞེས་པའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཏེ།“རིག་དཔལ་དར་བའི་སྲིད་གྲོས”ལ་བརྟེན་ནས“རིག་དཔལ་དར་བའི་ལྷ་ས”སྐྲུན་པར་རམ་འདེགས་བྱ་ཆེད། ཟླ་8ཚེས་2ཉིན། གྲོང་ཁྱེར་སྲིད་གྲོས་དང་གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་མཉམ་འབྲེལ་ཐོག་གཉེར་བའི“རིག་དཔལ་དར་བའི་སྲིད་གྲོས།ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུ”ཞེས་པའི་གཙོ་དོན་བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་རེད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་འཇམ་དབྱངས་བློ་གྲོས་བྱེད་སྒོར་ཞུགས་པ་དང་འབྲེལ་བྱེད་སྒོར་ཞུགས་པའི་སྲིད་གྲོས་ཨུ་ཡོན་ལ་གཟིགས་པ་དང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ལེང་དང་། སུང་ལིའུ་ཀྲུའུ། ཧན་ཡུན་ཧྲོན།ལུའུ་ཝུའེ་ཧྲེང་བཅས་བྱེད་སྒོར་ཞུགས་པ་རེད།

བྱེད་སྒོའི་ནང་།སྐད་གྲགས་ཡོད་པའི་རྩོམ་པ་པོ་ཚེ་རིང་ནོར་བུ་དང་པདྨ་ནོར་སྒྲོན་གདན་དྲངས་ནས་དཔེ་དེབ་མཉམ་སྤྱོད་བྱས་པ་དང་།དཔེ་ཀློག་བྱེད་སྒོའི་ཁྲོད་ཚང་མས་བདམས་པའི་དཔེ་དེབ་ལ་དམིགས་ནས་གྲོས་བསྡུར་དང་སྤེལ་རེས་གཏིང་ཟབ་བྱས་ཤིང་། མྱོང་ཚོར་མཉམ་སྤྱོད་བྱས་པ་རེད། ད་དུང་ཁོང་ཚོས་བརྩམས་ཆོས་ཁྲོད་ནས་བློ་གྲོས་བསྡུ་བ་དང་དཔེ་དེབ་ཁྲོད་ནས་ཤེས་བྱ་བསྡུ་བ་སོགས་བྱས་ཏེ། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-05 6 6 拉萨日报藏文 c185769.html 1 གྲོང་ཁྱེར་སྲིད་གྲོས་དང་གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས“རིག་དཔལ་དར་བའི་སྲིད་གྲོས།ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུ”ཞེས་པའི་བྱེད་སྒོ་སྤེལ་བ། /enpproperty-->