ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། 2024ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་ནི་ཟླ་8ཚེས་4ནས་ཚེས་10ཉིན་བར་གཉེར་རྒྱུ་ཡིན་ཞིང་། ཞོ་སྟོན་རིང་གི་བྱེད་སྒོ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ལྷ་སའི་ཨར་ལས་རྒྱུ་ཆ་ཉོ་ཚོང་ལྟེ་གནས་ཀྱི་དངོས་ཟོག་སྤེལ་རེས་དུས་ཆེན་་སྐབས་གསུམ་པ་དང་ཞོ་སྟོན་གྱི་སྤུས་ལེགས་རླངས་འཁོར་འགྲེམས་ཚོང་གི་བྱེད་སྒོ་དེ་ཟླ་8ཚེས་2ཉིན་འགོ་ཚུགས་པ་རེད།
ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་མ་འཇོག་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧོ་ཏུང་གིས་དུས་ཆེན་གྱི་རྣམ་པ་སྔར་བས་ཟབ་པ་མངོན་པ་དང་། ཐོན་རྫས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ། ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བ་བཅས་བྱ་ཆེད། ད་ཐེངས་ཀྱི་སྤེལ་རེས་དུས་ཆེན་དེས་ཞོ་སྟོན་གྱི་དུས་བཟང་འདིར། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། སྤེལ་རེས་རྒྱ་ཆེར་གཏོང་བ། ཁྲོམ་རའི་འཁྲུག་ཆ་དོད་དུ་གཏོང་བ། དཔལ་འབྱོར་དར་རྒྱས་གཏོང་བ་བཅས་ཀྱི་བླང་བྱར་དམིགས་ནས་རླངས་འཁོར་འགྲེམས་འཚོང་ཁུལ་དང་། བྱིས་པའི་དགའ་ཚལ་གླིང་། བཟའ་བཏུང་ཁུལ། རོལ་རྩེད་ཁུལ་སོགས་ཀྱི་འགྲེམས་ཁུལ་མང་པོ་བཙུགས་ཡོད་པས། ཚང་མས་སྤེལ་རེས་དུས་ཆེན་ལ་སྔར་བས་ཤེས་རྟོགས་ཐུབ་པ་དང་། རླངས་འཁོར་རིག་གནས་ལ་ཉམས་ལེན་ཐུབ་པ། ཟས་མཆོག་དང་རོལ་རྩེད་ཀྱི་སྟོན་མོ་གཟབ་རྒྱས་ལོངས་སྤྱོད་ཐུབ་པ་བཅས་བྱུང་ཡོད་ཅིང་། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཚོང་དོན་འཁོར་རྒྱུག་འཕེལ་རྒྱས་ཆེན་མོ་དང་དར་རྒྱས་ལེགས་པོ་ཡོང་བར་སྐུལ་འདེད་གཏོང་ཐུབ་པར་མ་ཟད། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཀྱང་གཏོང་ཐུབ་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社