ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཞོ་སྟོན་འཆར་ཉེར་ཡོད་པའི་སྐབས་དང་བསྟུན་ནས་ལྷ་སའི་ནང་འདྲེན་ཚོང་ཟོག་འགྲེམས་སྟོན་སྐབས་དང་པོ་འགོ་ཚུགས་ཡོད། ཟླ་8ཚེས་2ཉིན་འཛམ་གླིང་གི་སྣ་མང་རིག་གནས་དང་སྤུས་ལེགས་ཚོང་ཟོག་འགྲེམས་སྟོན་བྱེད་པའི་སྟེགས་བུའི་བཀོད་སྒྲིག་ལས་དོན་ཧ་ལམ་ལེགས་གྲུབ་ཟིན་ཡོད།
བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་ཀྱི་འགྲེམས་སྟོན་ཁང་2པའི་འགྲེམས་སྟོན་བྱ་ཡུལ་དུ་བལ་ཡུལ་དང་།ཕ་ཁི་སི་ཐན། དེ་བཞིན་ཀྲུང་གོའི་ཐའེ་ཝན་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་འགྲེམས་སྟོན་ནང་ཞུགས་མཁན་ཚོང་པས་ཡུལ་དངོས་ཀྱི་ལས་དོན་མི་སྣ་དང་མཉམ་ལས་དམ་ཟབ་བྱས་ཏེ།རང་སོ་སོའི་འགྲེམས་སྟོན་བྱ་ཡུལ་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་དང་རང་ཉིད་ཀྱི་ཚོང་ཟོག་ལེགས་སྒྲིག་བྱེད་བཞིན་ཡོད་པ་རེད།སྤྱིར་ན་བཀོད་སྒྲིག་བྱས་ཟིན་པའི་འགྲེམས་སྟོན་བྱ་ཡུལ་ཁག་གཅིག་གི་ཚོང་པས་མཐའ་མའི་ལེགས་སྒྲིག་བྱེད་བཞིན་ཡོད་པ་དང་འགྲེམས་རྫས་ཚང་མ་དམིགས་སར་འབྱོར་ནས།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社