分享按钮

གྲོང་ཨུད་ཀྱི་དམག་དོན་གྲོས་ཚོགས་དང་མི་དམངས་དྲག་ཆས་པུའུ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོའི་ལས་འགན་བསྒྲུབས་ཚུལ་སྙན་སེང་ཞུ་བའི་ཚོགས་འདུ་འཚོགས་པ།

(པར་ངོས་དང་པོར་མཐུད)དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་མཐར་ཕྱིན་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱིས་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་འགན་ལེན་ཏན་ཏིག་བྱེད་དགོས་པ།

དངོས་འཐབ་དམག་སྦྱོང་དང་དམག་གྲབས་བྱེད་དགོས་ཤིང་།དངོས་འཐབ་ཀྱི་ཚད་གཞི་མངོན་གསལ་དོད་དུ་བཏང་ནས་དམག་གྲབས་ཀྱི་བླང་བྱ་ལྟར་དམག་དཔུང་གི་རྒྱུན་ལྡན་སྦྱོང་བརྡར་དང་།རྗེས་གྲབས་སྟོབས་ཤུགས་གསོག་འཇོག རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུའི་འགན་སྲུང་བཅས་དམ་འཛིན་ཡག་པོ་བྱས་ཏེ།དམག་དཔུང་གིས་དམག་འཐབ་ཀྱི་སྦྱོང་བརྡར་དང་ས་གནས་ཀྱིས་མདུན་སྐྱོད་སྦྱོང་བརྡར་བྱེད་པའི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་པར་བྱེད་དགོས་པ།

རྒྱལ་སྲུང་སྐུལ་སློང་ལ་དམ་འཛིན་ནན་པོ་བྱེད་དགོས་ཤིང་།ཕྱོགས་གཅིག་ནས་ཡུལ་དམག་འཛུགས་སྐྱོང་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་རྒྱལ་སྲུང་སློབ་གསོ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་།བསམ་བཀོད་གསར་གཏོད་དང་བྱེད་སྟངས་ལེགས་བཅོས་སྔར་བས་བྱས་ནས་མཐོང་རྒྱུ་ཡོད་པ་དང་།ཚོར་རྒྱུ་ཡོད་པ།ཕན་ནུས་ལྡན་པ་བཅས་ཀྱི་སྒོ་ནས་རྒྱལ་སྲུང་ལ་སེམས་ཁུར་དང་། དམག་དཔུང་ལ་རྒྱབ་སྐྱོར།དམག་མིར་བརྩི་བཀུར་བཅས་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཧུར་ཐག་གཏོད་དགོས་པ།

གཉིས་བཀུར་མཉམ་སྐྲུན་གཏིང་ཟབ་ཏུ་གཏོང་དགོས་ཤིང་།དམག་དཔུང་དང་ས་གནས་གཉིས་བསམ་ཇུས་གཅིག་མཐའ་འཁྱོངས་བྱས་ཏེ།མཉམ་འདྲེས་ཀྱི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ་དང་མཉམ་འདྲེས་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ།རྒྱུ་རྐྱེན་ཚང་བ་དང་། ཁྱབ་ཁོངས་མང་བ།ཕན་འབྲས་ཆེ་བ་བཅས་ཀྱི་དམག་དམངས་མཉམ་འདྲེས་གཏིང་ཟབ་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་མགྱོགས་མྱུར་ཆགས་པར་བྱས་ཏེ། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་གཏོད་པའི་ནང་ཐེངས་དགུ་བསྟུད་མར་ཨང་དང་པོ་ཐོབ་རྒྱུར་བརྩོན་ལེན་བྱེད་དགོས་པ།

འགན་འཁྲི་དོན་འཁྱོལ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་ཤིང་།རིམ་ཁག་ཏང་ཨུད་ཀྱིས་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ཏེ།འཕེལ་རྒྱས་ལ་དམ་འཛིན་དང་རྒྱལ་སྲུང་ལ་དམ་འཛིན་བྱེད་པའི་འགན་འཁྲི་གཉིས་མཉམ་དུ་འཁུར་བ་དང་།ལས་འགན་གཉིས་མཉམ་དུ་དམ་འཛིན་བྱེད་དགོས་པ་དང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཡུལ་ས་མདུན་མ་དང་།མདུན་ཕྱོགས་གཡུལ་འགྱེད།མདུན་ཕྱོགས་སོ་ལྟ་བཅས་ལ་དམིགས་ནས་འགན་སྲུང་དམ་འཛིན་ལེགས་པོ་བྱེད་པ་དང་།ཕུགས་ཀྱི་ལམ་བུ་དང་། རྒྱབ་ཕྱོགས་མཁོ་སྒྲུབ།རྗེས་རབས་པ་བཅས་ལ་དམིགས་ནས་ཞབས་ཞུ་ཡག་པོ་བསྒྲུབས་ཏེ་སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་རྒྱ་ཆེའི་དཔོན་དམག་གི་དཀའ་ངལ་སེལ་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།

གྲོང་ཁྱེར་གྱི་འགོ་ཁྲིད་ཁྲེན་ཅིང་དང་།ཧོང་རུང་ཅན།དབྱི་ཡུན་ཅེ།ཧོ་ཕུང་།འཇམ་དབྱངས་བློ་གྲོས།ཀྲང་ཏིང་ཁྲེང་།ལིན་ཡུང་། ཝང་ཧུའེ།ཞུས་ཧའེ།ཀྲང་ཁྲུན་དབྱང་།མ་ཝུན་ཆིང་བཅས་ཚོགས་འདུར་ཞུགས་པ་རེད། གྲོང་ཁྱེར(ཀྲུང་དབྱང)ཐད་གཏོགས་སྡེ་ཚན་ཁག་དང་།ལྷ་སའི་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་།དྲག་ཆས་ཉེན་རྟོག་ལྷ་སའི་ཉིང་ལག་རུ་ཁག་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-04 6 6 拉萨日报藏文 c185763.html 1 གྲོང་ཨུད་ཀྱི་དམག་དོན་གྲོས་ཚོགས་དང་མི་དམངས་དྲག་ཆས་པུའུ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོའི་ལས་འགན་བསྒྲུབས་ཚུལ་སྙན་སེང་ཞུ་བའི་ཚོགས་འདུ་འཚོགས་པ། /enpproperty-->