分享按钮

བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་ཏང་འཛུགས་སྐྱོང་གཞུང་དོན་ཁང་དང་ལས་ཁུངས་བཟོ་ཚོགས་ཀྱིས་མཉམ་དུ་ཞོ་སྟོན་གོང་གི་འཚམས་འདྲིའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་1ཉིན་གྱི་ཕྱི་དྲོར།ཞོ་སྟོན་འཆར་ཉེར་ཡོད་པའི་སྐབས་སུ་བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་ཏང་འཛུགས་སྐྱོང་གཞུང་དོན་ཁང་དང་ལས་ཁུངས་བཟོ་ཚོགས་ཀྱིས་མཉམ་འབྲེལ་ཐོག་གཅེས་སེམས་ཕུལ་ཏེ་དམངས་ལ་དྲོ་སྐྱིད་སྦྱིན་ཞེས་པ་གཙོ་དོན་དུ་བྱས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་།བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་ཏང་ལས་དོན་ཨུ་ལྷན་གྱི་འགན་འཁུར་བས་གནའ་གྲོང་ཁུལ་གྱི་གད་པ་20ལ་ཁ་བཏགས་བསྒྲོན་པ་དང་།ཁོང་ཚོའི་གཟུགས་པོའི་གནས་ཚུལ་ཐད་སྐད་ཆ་དྲིས་པ།ཁོང་ཚོའི་དགོས་མཁོ་ཤེས་རྟོགས་བྱས་པར་མ་ཟད།ཚང་མར་ངལ་གསོ་རྒྱག་རྒྱུར་དོ་སྣང་དང་ལས་ཀའི་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་གནམ་གཤིས་ཚ་བ་ཆེ་བའི་ཁྲོད་དུས་ཡུན་རིང་པོ་ལས་ཀ་མི་བྱེད་པའི་མངགས་བཅོལ་བྱས་པ་དང་འབྲེལ་གྲ་སྒྲིག་ཞིབ་ཚགས་བྱས་པའི་འཚམས་འདྲིའི་དངོས་རྫས་ཀྱང་སྤྲད་པ་རེད།

བོད་ལྗོངས་པོ་རུའེ་ཁོར་ཡུག་འཕྲོད་བསྟེན་ཞབས་ཞུ་ཚད་ཡོད་ཀུང་སིའི་གད་པ་སྐྱིད་འཛོམས་ཀྱིས་ཞོ་སྟོན་འཆར་ཉེར་ཡོད་པ་དང་ལྷ་སར་ཡུལ་སྐོར་དུ་ཡོང་མཁན་མང་དུ་ཕྱིན་ནས་ང་ཚོ་གད་པའི་ལས་འབོར་རྒྱུན་གཏན་ལས་མང་དུ་ཕྱིན་པར་མ་ཟད།ལས་འགན་ཡང་དེ་བས་ལྕི་རུ་ཕྱིན་ཡོད།ད་ཐེངས་བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་ཏང་ལས་དོན་ཨུ་ལྷན་གྱིས་ང་ཚོ་གད་པ་ཚོར་འཚམས་འདྲི་གནང་ནས་ཚང་མར་ཐུགས་ཁུར་དང་དྲོ་སྐྱིད་གནང་བྱུང་བས།ང་ཚོར་རང་འཁྲིའི་ལས་ཀ་ཡག་པོ་སྒྲུབ་པའི་སྤྲོ་སེམས་སྔར་བས་འཕེལ་བྱུང་ཞེས་བཤད།

བྱེད་སྒོ་སྤེལ་རིང་།བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་ཏང་ལས་དོན་ཨུ་ལྷན་གྱིས་ད་དུང་བར་སྐོར་ཁྲོམ་གཞུང་དང་།སྐྱིད་རས་ཁྲོམ་གཞུང་།རྗེ་འབུམ་སྒང་ཁྲོམ་གཞུང་བཅས་ཁོངས་གཏོགས་ཀྱི་སྡེ་ཁུལ་15ནས་ཡོང་བའི་རྒན་རྒོན་མི་ཧྲེང་15ལ་ཉལ་ཆས་དང་རྩམ་པ་སོགས་འཚོ་བའི་མཁོ་ཆས་སྤྲད་དེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་དོ་དམ་ཨུ་ལྷན་གྱིས་རྒན་རྒོན་མི་ཧྲེང་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་ལུགས་མཚོན་པར་བྱས་ཡོད་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-04 6 6 拉萨日报藏文 c185759.html 1 བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་ཏང་འཛུགས་སྐྱོང་གཞུང་དོན་ཁང་དང་ལས་ཁུངས་བཟོ་ཚོགས་ཀྱིས་མཉམ་དུ་ཞོ་སྟོན་གོང་གི་འཚམས་འདྲིའི་བྱེད་སྒོ་སྤེལ་བ། /enpproperty-->