分享按钮

གྲྭ་བཞི་ཁྲོམ་གཞུང་གིས་དམག་དཔུང་དང་ས་གནས་ཀྱི་སྤྱི་ཕན་དགའ་རོགས་སྒྲིག་པའི་གཉེན་མཐུན་ལྷན་ཚོགས་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།གྲྭ་བཞི་ཁྲོམ་གཞུང་ཏང་ལས་དོན་ཨུ་ལྷན་དང་གྲྭ་བཞི་གྲོང་གསར་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་བོད་ལྗོངས་གཉེན་སྒྲིག་ཀུང་སི་ག་གེ་མོ་ཞིག་གི་ཏང་ཀྲི་པུའུ་དང་མཉམ་འབྲེལ་བྱས་ནས་བཅའ་སྡོད་བྱ་ཡུལ་དཔུང་སྡེ་དང་།བཅའ་སྡོད་བྱ་ཡུལ་ཚན་པ།སྤྱི་ཚོགས་ལས་དོན་པ་ཡོངས་བཅས་དང་ལག་གདང་སྦྲེལ་ནས་དེ་རིང་མི་ཚེའི་གཏན་གྲོགས་ཁྱེད་དང་འཕྲད་ཅེས་པའི་དམག་དཔུང་དང་ས་གནས་ཀྱི་སྤྱི་ཕན་དགའ་རོཊ་སྒྲིག་པའི་གཉེན་མཐུན་ལྷན་ཚོཊ་འཚོཊ་པ་རེད།

བྱེད་སྒོ་དེ་སྤྲོ་སེམས་རབ་ཏུ་འཁོལ་བའི་ཞབས་བྲོ་དང་རྐྱང་གཞས་སོགས་ཀྱི་ལེ་ཚན་ཁྲོད་འགོ་ཚུགས་པ་རེད།དེ་རྗེས་གཙོ་སྐྱོང་པའི་སྣེ་ཁྲིད་འོག་སྐུ་མགྲོན་སྐྱེས་པ་དང་བུད་མེད་ངོ་ཐུག་གདོང་འཕྲད་ཀྱིས་ལག་གདང་སྦྲེལ་བ་དང་།རང་ཉིད་ངོ་སྤྲོད་བྱེད་པ།ང་ནི་བསོད་ནམས་ཆེ་བའི་སྐར་མ་ཡིན་སོགས་སྤྲོ་སྣང་ལྡན་པའི་རོལ་རྩེད་རབ་དང་རིམ་བརྒྱུད་ཐབས་མཁས་ཀྱི་ཐོག་ནས་གཞོན་ནུ་ཚོའི་དབར་གྱི་བར་ཐག་ཇེ་ཉེར་བཏང་བས་ཡུལ་དངོས་སུ་སྤྲོ་སྣང་ལྡན་པའི་རྣམ་པས་ཁེངས་ཡོད།ཆུ་ཚོད་གཉིས་ལྷག་ཙམ་གྱི་བྱེད་སྒོའི་ཁྲོད་གཞོན་ནུ་ཚོས་རང་ཉིད་ལེགས་པར་མངོན་པ་དང་།བག་ཆགས་གཏིང་ཟབ་ཏུ་གཏོང་བ།མཛའ་གྲོགས་འཛུགས་པ།སྤྲོ་སྣང་ཐོབ་པ་བཅས་བྱུང་ཡོད།

ཡུལ་དངོས་སུ་དྲོ་སྐྱིད་ལྡན་ལ་འཆར་ཡན་ལྡན་པའི་བྱེད་སྒོ་སྤེལ་ཡུལ་བཀོད་སྒྲིག་དང་།རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་མཉམ་འགུལ་ལྷུ་ཚིགས།ཐུན་མོང་མ་ཡིན་པའི་རོལ་རྩེད་ཉམས་ལེན་བཅས་ལས་གཞོན་ནུ་ཚོས་བག་ཕེབས་དང་བརྩེ་སེམས་ལྡན་པའི་རྣམ་པའི་ཁྲོད་རང་ཉིད་ལ་དབང་བའི་བདེ་སྐྱིད་འཚོལ་ཐུབ་པ་བྱུང་བས།བྱེད་སྒོར་གཞོན་ནུ་ཚོའི་གདེང་འཇོག་བཟང་པོ་མཐའ་གཅིག་ཏུ་ཐོབ་ཡོད།

ད་ཐེངས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི་གྲྭ་བཞི་ཁྲོམ་གཞུང་གི་གཉིས་བཀུར་སྲོལ་རྒྱུན་བཟང་པོ་སྔར་བས་འདོན་སྤེལ་བྱེད་པ་དང་།དམག་དཔུང་དང་ས་གནས་དབར་གྱི་འབྲེལ་གཏུགས་སྤེལ་རེས་རྒྱ་ཆེར་གཏོང་བ།གཉིས་བཀུར་ལས་དོན་གྱི་འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་གཏིང་ཟབ་ཏུ་གཏོང་བ།གཉེན་སྒྲིག་དང་བུ་བཙའི་རིག་གནས་གསར་པ་གསོ་སྐྱོང་ཧུར་ཐག་བྱེད་པ།གཞོན་ནུའི་གཉེན་སྒྲིག་གི་ལྟ་བ་དང་།བུ་བཙའི་ལྟ་བ།ཁྱིམ་ཚང་གི་ལྟ་བ་བཅས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དམག་དཔུང་དང་ས་གནས་ཀྱི་གཞོན་ནུ་ཚོར་ཕན་ཚུན་ངོ་ཤེས་དང་།ཕན་ཚུན་བརྩེ་བ་འཆང་བ།ཕན་ཚུན་དགའ་རོགས་སྒྲིག་པའི་སྟེགས་བུ་ཞིག་གཏོད་རྒྱུ་དེ་རེད་ཅེས་བཤད་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-04 6 6 拉萨日报藏文 c185758.html 1 གྲྭ་བཞི་ཁྲོམ་གཞུང་གིས་དམག་དཔུང་དང་ས་གནས་ཀྱི་སྤྱི་ཕན་དགའ་རོགས་སྒྲིག་པའི་གཉེན་མཐུན་ལྷན་ཚོགས་འཚོགས་པ། /enpproperty-->