分享按钮

གྲོང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཚོགས་འདུ་འཚོགས་པ།

(པར་ངོས་དང་པོར་མཐུད)མང་ཚོགས་ཀྱི་ཁེ་ཕན་ལ་བསམ་བློ་མང་ཙམ་བཏང་ནས།ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་སྔར་ལས་ཇེ་ཆེར་གཏོང་དགོས་པ།

གྲངས་གཞི་ཁ་གསལ་ཡོང་བར་བྱེད་དགོས་ཤིང་།གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་དང་ཟུང་འབྲེལ་དང་།དྲ་མིག་ཅན་གྱི་དོ་དམ་ཞིབ་ཕྲ་དང་གནད་སྨིན་ཅན་གྱི་ཞབས་ཞུ་ལ་བརྟེན་ནས་ཁྱོན་ཡོངས་དང་ཞིབ་ཚགས་པའི་གཞི་རིམ་བཅོས་སྐྱོང་གི་གྲངས་གཞིའི་མཛོད་མགྱོགས་མྱུར་བཙུགས་ཏེ་དྲ་མིག་ཅན་གྱི་མཇུག་མཐོའི་གྲངས་གཞི་ཁ་གསལ་དང་གནས་ཚུལ་ཁ་གསལ་ཡོང་བར་བྱེད་དགོས་པ།

ཞིབ་བཤེར་ཞིབ་ཕྲ་བྱེད་དགོས་ཤིང་། མངོན་མེད་རྐྱེན་ངན་དོན་རྐྱེན་དུ་བརྩི་བའི་ལྟ་སྟངས་འཛིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་།སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཁ་སེལ་བའི་བྱ་སྤྱོད་སྤེལ་འགོ་འཛུགས་པ།ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ཆེན་མོ་དང་།བཅོས་སྒྲིག་ཆེན་མོ།མཐིལ་གཏོགས་ཆེན་མོ་བཅས་ལ་སྐུལ་འདེད་གཏོང་བ།ལས་ཀའི་རྩིས་ཐོ་འཛུགས་པ་དང་རྩིས་ཐོ་ལྟར་དོ་དམ་ལག་བསྟར་བྱེད་པ་བཅས་ཀྱིས་ཉེན་ཁ་འབྱུང་རྩ་ནས་ཏན་ཏིག་སེལ་དགོས་པ།

རྩ་འཛུགས་སྟོབས་ལྡན་དུ་གཏོང་དགོས་ཤིང་།གཞི་རིམ་གྱི་ཏང་རྩ་འཛུགས་ཟབ་ཟོབ་ལྷོད་གཡེང་གི་རྣམ་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་བཅོས་སྒྲིག་བྱེད་པ་དང་།གཞི་རིམ་འཛུགས་སྐྱོང་ཁྱོན་ཡོངས་ནས་ཡར་ཐོན་དང་ཁྱོན་ཡོངས་ནས་ཡག་པོ་ཡོང་བར་སྐུལ་འདེད་བཏང་སྟེ།གཞི་རིམ་གྱི་ཏང་རྩ་འཛུགས་དེ་ཏང་གི་འགོ་ཁྲིད་མངོན་འགྱུར་ནུས་ལྡན་བྱེད་པའི་འཐབ་འཛིང་གི་བཙན་རྫོང་བརྟན་པོ་ཞིག་ཏུ་ཏན་ཏིག་འཛུགས་སྐྱོང་བྱེད་དགོས་པ།སྤྱོད་ཚུལ་ལེགས་སུ་གཏོང་དགོས་ཤིང་།ཞིབ་ཚགས་ཀྱི་སྤྱོད་ཚུལ་དང་བདེན་པ་བདེན་ཐུབ་ཀྱི་རྣམ་འགྱུར་གྱི་ཐོག་ནས་དམིཊ་ཚད་རེ་རེ་བཞིན་དབྱེ་ཞིབ་བྱེད་པ་དང་།ལས་འགན་རེ་རེ་བཞིན་དོན་འཁྱོལ་བྱེད་པ།ལྷུ་ཚིགས་རེ་རེ་བཞིན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།ལས་དོན་ཁག་གནད་ལ་འཁེལ་བར་དམ་འཛིན་དང་།མཐར་ཕྱིན་པར་དམ་འཛིན།ཕན་འབྲས་ཐོན་པར་དམ་འཛིན་བཅས་ཏན་ཏིག་བྱེད་དགོས་པ།

སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱེད་དགོས་ཤིང་།འགན་འཁྲི་ཡོད་ན་འགན་འཁྲི་འཁུར་དགོས་བ་དང་།འགན་འཁྲི་ཤོར་ན་ངེས་པར་དུ་བདའ་འདེད་གཏོང་དགོས་ཞེས་པ་བློ་ལ་བརྟན་པོར་ངེས་ནས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་།འགན་འཁྲི་བདའ་འདེད་དང་འགན་འཁྲི་རྩད་གཅོད་ནན་པོ་བྱེད་པར་བརྟེན་ནས་འགན་འཁྲི་དོན་འཁྱོལ་དང་ལས་དོན་དོན་འཁྱོལ་བྱེད་དུ་བཅུག་སྟེ་ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་།ས་ཁོངས་སྲུང་བའི་འགན་འཁྲི་འཁུར་བ།ས་ཁོངས་སྲུང་བའི་འགན་འཁྲི་སྒྲུབ་པའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།

གྲོང་ཁྱེར་གྱི་འགོ་ཁྲིད་ཁྲེན་ཅིང་དང་།ཧོང་རུང་ཅན།ཧོ་ཕུང་།འཇམ་དབྱངས་བློ་གྲོས།ཀྲང་ཏིང་ཁྲེང་།ལིན་ཡུང་།ཝང་ཧུའེ།ཞུས་ཧའེ།ཀྲང་ཁྲུན་དབྱང་།མ་ཝུན་ཆིང་བཅས་དང་དེ་བཞིན་ལྷ་སའི་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་དང་དྲག་ཆས་ཉེན་རྟོག་ལྷ་སའི་ཉིང་ལག་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-04 6 6 拉萨日报藏文 c185757.html 1 གྲོང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཚོགས་འདུ་འཚོགས་པ། /enpproperty-->