分享按钮

(པར་ངོས་དང་པོར་མཐུད)དར་རྒྱས་ཤང་དར་རྒྱས་གྲོང་ཚོར་འཚམས་འདྲི་ཞུས་པ་དང་བྱིས་པར་སློབ་གསོ་བརྒྱབ་པར་མ་ཟད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་དམངས་ཕན་སྲིད་ཇུས་ཁག་སྒྲོག་འགྲེལ་བྱས་ནས་མང་ཚོཊ་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་འབྲངས་བ་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱས་པ་རེད།

གཙང་རྟོགས་ཤང་དུ་འཇམ་དབྱངས་བློ་གྲོས་དང་བཅས་པ་ཡུལ་དངོས་སུ་ཤང་སྲིད་གཞུང་གི་སྒོ་ར་ཆེ་གྲས་སྒྱུར་བཀོད་རིམ་སྤོར་རྣམ་གྲངས་ཀྱི་ཨར་ལས་བྱས་ཚུལ་ལ་ལྟ་ཞིབ་གནང་བ་དང་འབྲེལ་གཙང་རྟོགས་ཤང་གི་ཨུ་ལྷན་གཉིས་དང་། དུད་སྦྲེལ་ཐེམ་དཔོན། དྲ་མིག་པ། ཚོགས་ཆུང་གི་ཚོགས་དཔོན། གཞི་རིམ་བཅོས་སྐྱོང་ལས་རོཊ་པ་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཚུལ་ལ་མཁྱེན་རྟོཊ་ཞིབ་ཕྲ་གནང་བ་དང་དུས་མཚུངས། གཞི་རིམ་ལས་བྱེད་པ་ལས་གནས་ཐོག་ཡོད་མེད་དང་། གྲོང་ཚོ་དང་ཚོགས་ཆུང་གི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ། གཙོ་གནད་མི་སྣར་དོ་དམ། གྲོང་ཚོའི་སྒྲིག་སྲོལ་དང་དམངས་ཆིངས་འཐུས་ཚང་དུ་གཏོང་བ། ཆོས་ལུགས་ཁྱབ་ཁོངས་ཀྱི་འདུ་ཤེས་འཛིན་སྟངས་སོཊ་ཀྱི་ལས་དོན་ཁག་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་རེད།

དེ་རྗེས་འཇམ་དབྱངས་བློ་གྲོས་དང་བཅས་པ་གཙང་རྟོགས་ཤང་བཙུན་མོ་ཚལ་དགོན་པར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་། འདུ་ཤེས་གསུམ་གྱི་སློབ་གསོ་སྤེལ་བ། དགེ་འདུན་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུའི་ཁྲིད་སྟོན་བྱས་པ། ཆོས་ལུགས་ལས་རྒྱལ་ཁབ་གཙོ་ཆེ་བ། ཆོས་པ་ནི་དང་ཐོག་སྤྱི་འབངས་ཡིན་པའི་འདུ་ཤེས་བརྟན་དུ་བཏང་བ་བཅས་བྱས་པ་རེད།

འཇམ་དབྱངས་བློ་གྲོས་ཀྱིས་ནན་གསུངས་གནང་དོན། གཅིག་ནས་མང་ཚོགས་ཀྱི་ཁེ་ཕན་ནི་དོན་དག་ཆུང་ངུ་མིན་པའི་འདུ་ཤེས་བརྟན་པོ་འཛུགས་དགོས་ཤིང་། མང་ཚོགས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་མང་ཚོགས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ཏེ་ལས་བཟང་སྒྲུབ་པ་དང་། བྱ་བ་དངོས་སྒྲུབ་པ། བྱ་བ་དཀའ་བ་སྒྲུབ་པ་བཅས་བྱེད་དགོས། གཉིས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གཙོ་གནད་གནད་དོན་ལ་དམིགས་ཏེ་མང་ཚོགས་ཀྱི་ཉེ་འགྲམ་གྱི་འགལ་བ་དང་རྩོད་གཞིའི་མངོན་མེད་རྐྱེན་ངན་ལ་རྩད་ཞིབ་བྱེད་དགོས། མང་ཚོགས་ཀྱི་བསམ་བློ་དང་རེ་སྒུག་ལ་ཤེས་རྟོགས་བྱེད་དགོས་པ་དང་། མང་ཚོགས་ཀྱི་དགོས་མཁོ་གཞིར་བཟུང་ལས་དོན་སྤེལ་ཏེ་གནད་ལ་འཁེལ་བའི་ཞབས་ཞུ་སྒྲུབ་པ་དང་མཁོ་སྤྲོད་འཚམ་མཐུན་ཡོང་བར་བྱེད་དགོས། གསུམ་ནས་ལས་གནས་བརྟན་སྲུང་གི་ལས་ཀའི་སྤྱོད་ཚུལ་མཐའ་འཁྱོངས་བྱེད་དགོས་ཤིང་། དམ་འཛིན་མཐར་ཕྱིན་དང་རྒྱུན་འཁྱོངས་ལྷོད་མེད་ཀྱི་ལས་ཀའི་སྙིང་རུས་བརྟན་པོ་ཡོང་བར་བྱས་ནས་གཞི་རིམ་གྱི་གཞི་གྲངས་གསལ་རྟོགས་དང་གནས་ཚུལ་དངོས་ཁོང་དུ་ཆུད་པར་བྱེད་པ། གནས་ཚུལ་སེམས་ནང་གདེང་ཚོད་ཡོད་པ། ལས་ཀར་དམིགས་ཡུལ་ཡོད་པའི་སྒོ་ནས་སྒྲུབ་པ་བཅས་བྱེད་དགོས།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-04 6 6 拉萨日报藏文 c185756.html 1 /enpproperty-->