(པར་ངོས་དང་པོར་མཐུད)ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཚོད་ལྟ་བྱ་རྒྱུའི་ས་ཁོངས་ནི་བོད་རང་སྐྱོང་ལྗོངས་དིང་རི་རྫོང་གི་མངའ་ཁོངས་ཇོ་མོ་གླང་མའི་བྱང་ཕྱོགས་སུ་གནས་པ་ཤིང་། ས་གནས་དེའི་ཁུལ་གྱི་མཐོ་ཚད་ཆ་སྙོམས་རྒྱ་མཚོའི་ངོས་ལས་སྨི་4200ཙམ་ཡོད། ཚོད་ལྟ་ཚོགས་པས་མི་མེད་གནམ་གྲུའི་མཁའ་སྐྱོད་སྟེགས་བུ་སྤྱད་དེ་ལྟ་ཞིབ་ཚད་ལེན་གྱི་ཚོད་ལྟ་བྱས་ནས་ས་ངོས་དང་རླུང་ཁམས་ཆེན་མོའི་བར་གྱི་ཆུའི་བརྒྱུད་ཚད་དང་། མངོན་མེད་ཚ་བ་བརྒྱུད་ཚད། ཚ་ཚོར་བརྒྱུད་ཚད། ཐཱན་བརྒྱུད་ཚད།ཁྱབ་འགྱེད་བརྒྱུད་ཚད་བཅས་ཀྱི་བར་མཐོངས་ཁྱབ་ཚུལ་གྱི་གྲངས་གཞི་འཚོལ་རྒྱུ་ཡིན་པ་རེད། ཚོགས་པས་ད་དུང་ས་ངོས་ས་ཚིགས་དང་རྒྱང་ཚོར་སྲུང་སྐར་གྱི་ལྟ་ཞིབ་ཚད་ལེན་གྲངས་གཞི་དང་ཟུང་འབྲེལ་བྱས་ཏེ་བར་སྟོང་མང་བའི་ཚད་གཞི་དང་། གནམ་དང་།བར་མཐོངས།ས་ངོས་བཅས་ཀྱི་ཕྱོགས་མང་ལངས་གཟུགས་ཕྱོགས་བསྡུས་ལ་ལྟ་ཞིབ་ཚད་ལེན་གང་ལེགས་བྱ་རྒྱུ་ཡིན་པ་རེད།
ཅ་ལི་ཡིས་སྲུང་སྐར་ལྟ་ཞིབ་ཚད་ལེན་གྱི་ཁྱབ་ཁོངས་ཆེ་བ་དེ་ས་ཁོངས་ཆེན་པོའི་ཚད་གཞི་ཡིན་པ་དང་། ས་ངོས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་ཁྱབ་ཁོངས་ཅུང་ཆུང་བ་དེ་ས་ཚིགས་ཀྱི་ཚད་གཞི་ཡིན་པ། མི་མེད་གནམ་གྲུའི་ལྟ་ཞིབ་ཚད་ལེན་གྱི་ཁྱབ་ཁོངས་གོང་གསལ་གཉིས་ཀྱི་བར་དུ་གནས་པ་དེ་ངོས་ཀྱི་ཚད་གཞི་ཡིན། ངོས་ཀྱི་ཚད་གཞིར་ལྟ་ཞིབ་ཚད་ལེན་བྱེད་པ་དེས་ས་ཚིགས་ཀྱི་ཚད་གཞིར་ལྟ་ཞིབ་ཚད་ལེན་དང་ས་ཁོངས་ཆེན་པོའི་ཚད་གཞིར་ལྟ་ཞིབ་ཚད་ལེན་བར་གྱི་སྦྲེལ་ཟམ་ལྟ་བུ་ཡིན་ཞེས་བཤད།
ཕྱིས་འབྱུང་།ཚོད་ལྟ་ཚོགས་པས་མཚོ་བོད་ས་མཐོའི་ས་ངོས་ཀྱི་ས་ཚིགས་དང་། མཁའ་འགྲུལ་ལས་སྟེགས། རྒྱང་ཚོར་སྲུང་སྐར་སོགས་ཀྱི་ལྟ་ཞིབ་ཚད་ལེན་བྱས་པའི་དཔྱད་གཞི་བསྡུ་སྒྲིལ་བྱས་ཏེ།ས་མཐོའི་ཁུལ་གྱི་ཚ་ཆུའི་ཐཱན་འགྱུར་ལྡོག་གི་ཁྱད་ཆོས་དང་རྒྱུ་རྐྱེན་གྱི་རྩ་བར་ཕྱོགས་བསྡུས་ཀྱི་དབྱེ་ཞིབ་བྱས་ནས་མཚོ་བོད་ས་མཐོའི་རྙོག་འཛིང་ཆེ་བའི་ས་ངོས་ཀྱི་ས་ཆ་མི་འདྲ་བའི་གནམ་གཤིས་ལས་ཕན་ཚུན་ནུས་པ་ཐོན་པའི་ཁྱད་ཆོས་ལ་སྔར་བས་འཚོལ་ཞིབ་བྱ་རྒྱུ་དང་།མཚོ་བོད་ས་མཐོའི་ཁོར་ཡུག་གི་འགྱུར་ལྡོག་དང་དེ་བཞིན་གནམ་གཤིས་གནས་ཚུལ་གྱི་འགག་རྩའི་ལམ་སྲོལ་གསལ་སྟོན་བྱ་རྒྱུ་ཡིན་པ་རེད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社