ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། 2021ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་རྟོག་ཞིབ་གནང་སྐབས་ཞབས་ཐང་དུ་བར་སྐོར་ཁྲོམ་གཞུང་གི་ཉམས་འགྱུར་ལ་གཟིགས་ཞིབ་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅིས་བར་སྐོར་ཁྲོམ་གཞུང་ནི་ང་ཚོའི་མི་རིགས་ཁག་གིས་བསྐྲུན་པའི་བར་སྐོར་ཁྲོམ་གཞུང་ཞིག་ཡིན། མི་རིགས་ཁག་གི་རིག་གནས་འདི་གར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་ལ་ང་ཚོའི་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོ་འདི་གར་སྤྲོ་སྣང་ལྡན་པའི་ངང་འཚོ་སྡོད་བྱེད་བཞིན་ཡོད་ཅེས་མྱོང་ཚོར་ཟབ་མོའི་ངང་གསུངས་པ་རེད། བཀའ་མངགས་ཀྱི་གསུང་སྒྲ་རྣ་བར་ལྷང་ལྷང་དུ་གྲགས་པ་དང་མཛེས་སྡུག་ལྡན་པའི་འཆར་འགོད་ཀྱིས་མི་རྣམས་ལ་སྐུལ་མ་གཏོང་བཞིན་མཆིས། བར་སྐོར་ཁྲོམ་གཞུང་ནི་ལོ་རྒྱུས་དང་རིག་གནས་ཀྱིས་ཕྱུག་པའི་གནའ་བོའི་ཁྲོམ་གཞུང་ཞིག་ཡིན་ཞིང་།འཕེལ་རྒྱས་ཇི་ཙམ་བྱུང་བ་ལས་ལྷ་སའི་ཡུལ་སྐོར་རིག་གནས་གྱི་མིང་བྱང་དང་ས་གནས་འདི་གའི་གྲོང་མིའི་བདེ་སྐྱིད་ལྡན་པའི་འཚོ་བ་མཚོན་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད།
བར་སྐོར་ཁྲོམ་གཞུང་དུ་འཆམ་འཆམ་བྱེད་སྐབས་སོ་ཕག་འོད་ཐིང་ངེར་བཏིངས་ཡོད་པ་དང་། ཁྲོམ་གཞུང་དང་སྲང་ལམ་ཁག་གཙང་ལ་གྲལ་འགྲིག་པ། གཡས་གཡོན་དུ་ཚོང་ཁང་གིས་ཁེངས་པ། ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་མི་ཚོགས་མང་བ་བཅས་ཡོད། གསར་འགོད་པ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཕེབས་ཤུལ་གྱི་རྗེས་སུ་བསྙེགས་ནས་བར་སྐོར་ཁྲོམ་གཞུང་གི་མདོ་ཕྱུག་ཚང་བོད་ཆས་ཚོང་ཁང་དུ་སླེབས་སྐབས་དེའི་ནང་བཟོ་ལྟ་མི་འདྲ་བའི་ཕྱུ་པ་དང་། འོག་འཇུག་དང་དེ་བཞིན་རྒྱན་ཆ་སྣ་ཚོགས་བསྒྲིགས་ཡོད་ཅིང་། སྲོལ་རྒྱུན་གྱི་བཟོ་ལྟ་ཡོད་ལ་ཇུས་འགོད་དར་སྲོལ་ཅན་གྱི་བཟོ་ལྟ་ཡང་ཡོད་པར་མ་ཟད། ད་དུང་རང་སོའི་ཁྱད་ཆོས་ལྡན་པའི་བོད་ཆས་མངགས་ཉོ་དང་དེ་བཞིན་འཕྲིན་ཕྲན་ཚོང་ལས་ཀྱི་བྲིན་ཚོང་བྱེད་སྟངས་གསར་པ་བཏོན་པས་ཚོང་ཁང་ནང་བོད་ཆས་ཉོ་མཁན་མང་པོ་ཡོད་པ་མཐོང་བྱུང་།
བོད་ཆས་ཚོང་ཁང་གི་སྦྱིན་བདག་སྒྲོལ་མས་སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་གྱོན་ཆས་ཚོང་ཁང་དུ་ཕེབས་ནས་ལོ་གསུམ་ཕྱིན་ཡོད། ད་ཆ་ཚོང་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད། སྐབས་དེ་དུས་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཆས་ལ་གཟིགས་རྗེས་ཧ་ཅང་མཉེས་པོ་བྱུང་སོང་།དེ་རྗེས་ངས་བཟོ་ལྟ་དང་ཚོན་མདོག་གསར་པའི་བོད་ཆས་མང་པོ་བཟོས་པ་ཡིན་ཞེས་བཤད།
སྒྲོལ་མས་ཚོང་ཁང་དུ་སྤྱི་ཁྱབ་ཧྲུའུ་ཅི་དང་མཉམ་དུ་དྲན་རྟེན་གྱི་འདྲ་པར་བརྒྱབ་ཡོད་པར་མཛུབ་མོ་བཙུགས་ནས་སྤོབས་པ་དང་དགའ་སྤྲོས་ཁེངས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་འཚམས་འདྲིར་ཕེབས་པ་དེས་ཁོང་གི་ཚོང་ཁང་གི་སྐད་གྲགས་ཆེ་རུ་ཕྱིན་པར་ཕྱིར་དྲན་བྱས་པར་མ་ཟད། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པའི་ཚོར་སྣང་ཡང་བྱུང་ཡོད། བོད་ཆས་དུས་བསྟུན་མདུན་སྐྱོད་དང་རྒྱུན་ཆད་མེད་པར་གསར་བཅོས་བྱེད་པའི་ལམ་བུའི་ཐོག་དེ་བས་རྒྱང་རིང་དུ་འགྲོ་རྒྱུའི་ཡིད་ཆེས་བརྟན་ཏུ་ཕྱིན་ཡོད།
ད་ཆ་བར་སྐོར་པར་ལེན་ཁྲོམ་རར་ཡུལ་སྐོར་བ་མང་ཞིང་། གང་སར་བོད་ཆས་གྱོན་པའི་ཕྱོགས་བཞིའི་ཡུལ་སྐོར་བས་པར་ལེན་པ་དེ་ནི་བོད་དུ་ཡུལ་སྐོར་བྱེད་པའི་དྲན་ཤེས་རྩ་ཆེན་ཞིག་ཡིན་པའི་ངོས་ནས་ཡུལ་སྐོར་པར་ལེན་ཚོང་ཁང་གི་སྦྱིན་བདག་ཚོས་ཀྱང་ཡུལ་སྐོར་བ་མི་འདྲ་བར་བོད་ཆས་སྣ་ཚོགས་གདམ་ག་བྱེད་དུ་འཇུག་གི་ཡོད་པ་རེད།
ཡུལ་སྐོར་པར་ལེན་ཚོང་ཁང་གི་སྦྱིན་བདག་བསྟན་འཛིན་རྡོ་རྗེས་ཉེ་བའི་ལོ་ཤས་རིང་། བོད་ཆས་སྣ་ཁ་ཧ་ཅང་མང་ལ་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社