ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་2ཉིན་གྱི་སྔ་དྲོར།གྲོང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཚོགས་འདུ་འཚོགས་ཏེ་ལས་དོན་གྱི་སྙན་ཞུར་ཉན་པ་དང་།མིག་སྔའི་དུས་བབ་ལ་དབྱེ་ཞིབ་བྱས་པ།ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཐད་སླར་ཡང་ནན་བཤད་དང་བཀོད་སྒྲིག་བྱས་ཡོད།
ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ་དང་།ཧྲུའུ་ཅི་ཝང་ཅུན་ཀྲེང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ།རྟག་ཏུ་ཉེན་བརྡ་སྒྲོག་པ་དང་རྟག་ཏུ་དོགས་ཟོན་བྱེད་པ།བརྟན་ལྷིང་སྲུང་སྐྱོང་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཕྲ་བྱེད་པ་བཅས་ཀྱི་སྒོ་ནས་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ངང་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས་པ་སྟེ།
ཚུགས་གནས་མཐོ་རུ་གཏོང་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་ཞེས་པའི་དོན་ཆེན་འདི་ལས་དོན་ཁག་གི་ཨང་དང་པོར་འཇོག་པ་དང་།འགན་འཁྲི་སྒྲུབ་པ་དང་ལས་འགན་གཙང་སྒྲུབ་བྱེད་པ་ཨང་དང་པོར་འཇོག་པ།དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་ཨང་དང་པོར་འཇོག་པ་བཅས་ཀྱི་སྒོ་ནས་དུས་དང་རྣམ་པ་ཀུན་ཏུ་དང་།བྱ་བ་ཆེ་ཆུང་གང་ཞིག གནས་གང་ཞིག་ཡིན་ཡང་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ་དང་།སེམས་དབུས་སུ་འཇོག་པ།ལག་ཏུ་དམ་འཛིན་བཅས་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་ལུགས་ལ་གསལ་འགྲེལ་བྱེད་དགོས་པ།
བསམ་བློ་ཕྱོགས་ཚང་མར་གཏོང་དགོས་ཤིང་།མ་ལག་གི་འདུ་ཤེས་དང་མཐའ་ཚད་འཛིན་སེམས་རྒྱུན་འཁྱོངས་བྱས་ཏེ།བྱ་བ་གང་ཞིག་ཡིན་རུང་ཁྱོན་ཡོངས་ལ་བསམ་བློ་མང་ཙམ་གཏོང་བ་དང་།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社