ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་2ཉིན་གྱི་སྔ་དྲོར།གྲོང་ཨུད་ཀྱི་དམག་དོན་གྲོས་ཚོགས་དང་མི་དམངས་དྲག་ཆས་པུའུ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོའི་ལས་འགན་བསྒྲུབས་ཚུལ་སྙན་སེང་ཞུ་བའི་ཚོགས་འདུ་འཚོགས་ཤིང་།རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དམག་དོན་གྲོས་ཚོགས་དང་ཡན་ལག་དམག་ཁུལ་ཁང(ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང)ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོའི་ལས་འགན་བསྒྲུབས་ཚུལ་སྙན་སེང་ཞུ་བའི་ཚོགས་འདུའི་ཐོག་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།རྒྱལ་སྲུང་སྐུལ་སློང་ལས་དོན་གྱི་གནས་ཚུལ་བརྡ་ཁྱབ་བཏང་བ།ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ལས་དོན་ལ་དཔྱད་གཏམ་སྤེལ་བ་རེད།
ཤའོ་ཡིའུ་ཚའེ་ཡིས་2023ལོར་རྫོང(ཆུས)ཁག་གིས་བློ་རྩེ་གཅིག་སྒྲིམ་གྱིས་དྲག་ཆས་ལ་དོ་དམ་དང་།སྟོབས་ཤུགས་གཅིག་སྒྲིལ་གྱིས་དྲག་ཆས་དར་སྤེལ།ཚན་རིག་དང་མཐུན་པའི་སྒོ་ནས་དྲག་ཆས་སྤྱོད་པ་བཅས་བྱས་ནས་དམག་འཐབ་ཀྱི་ནུས་པ་གསར་པ་ཆེ་རུ་ཕྱིན་པ་དང་།རྒྱལ་སྲུང་སྐུལ་སློང་གི་ཚད་བརྒལ་གསར་པ་མངོན་འགྱུར་ཐུབ་པ།གཉིས་བཀུར་མཉམ་སྐྲུན་གྱི་རྣམ་པ་གསར་པ་མངོན་པ་བཅས་ལ་སྐུལ་འདེད་བཏང་ཡོད།ལྷ་སར་བཅའ་སྡོད་དཔུང་སྡེ་དང་རྒྱ་ཆེའི་དཔོན་དམག་ཚོས་བཀའ་ཐོས་རྗེས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ། བརྟན་ལྷིང་སྲུང་སྐྱོང་དང་ཉེན་འགོག་གེགས་སེལ་སོགས་དཀའ་ཚེགས་ཆེ་བའི་ལས་འགན་ཁྲོད་ཀ་བ་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དམག་གིས་དམངས་ལ་གཅེས་པ་དང་།དམངས་ཀྱིས་དམག་ལ་བརྩི་བཀུར་བྱེད་པ།དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་བཅས་ཀྱི་མི་སེམས་འགུལ་བའི་ལེ་ཚན་བཏོད་ཡོད་ཅེས་གསུངས་པ་རེད།
ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་དམག་དཔུང་དང་ས་གནས་རིམ་ཁག་ཚན་ཁག་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སྣེ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།རྒྱལ་སྲུང་སྐུལ་སློང་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དམག་དཔུང་དང་ས་གནས་མཉམ་སྐྲུན་དང་མཉམ་འདྲེས་ཐད་འཕེལ་རྒྱས་སྔར་བས་གཏིང་ཟབ་ཏུ་གཏོང་བ་བཅས་ཀྱི་སྒོ་ནས་དུས་རབས་གསར་པའི་ཏང་གིས་དྲག་ཆས་ལས་དོན་ལ་དོ་དམ་བྱེད་པའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པ་སྟེ།
ཏང་གིས་དྲག་ཆས་ལ་དོ་དམ་བྱ་རྒྱུ་བརྟན་སྲུང་བྱེད་དགོས་ཤིང་། ཀྲི་པུའུ་བརྒྱ་ཤོག་ཐོག་འཛུགས་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། ཏང་གིས་དམག་དཔུང་ལ་འགོ་ཁྲིད་མཐའ་འཁྱོངས་བྱེད་པ།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社