ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་1ཉིན། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་འཇམ་དབྱངས་བློ་གྲོས་ཀྱིས་སྟག་རྩེ་ཆུས་དར་རྒྱས་ཤང་དང་གཙང་ཏོག་ཤང་དུ་བརྟག་ཞིབ་མཛུབ་ཁྲིད་གནང་བ་དང་འབྲེལ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊ་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།
དར་རྒྱས་ཤང་དུ་འཇམ་དབྱངས་བློ་གྲོས་ཀྱིས་གཤམ་སྐྱོད་རྫོང་རིམ་པའི་ལས་བྱེད་པ་དང་ཤང་ཏང་ཨུད་དཔུང་ཁག་གི་ཁོངས་མིའི་དབར་སྤེལ་རེས་གཏིང་ཟབ་བྱས་ཏེ་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་དང་། འགལ་བ་དང་རྩོད་གཞི་ཐག་གཅོད། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདོད་བསྡུ་རུབ། ཡིག་སྐུར་ངོ་བཅར་གྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར། ཡུལ་གཞན་དུ་གནས་སྤོས་མང་ཚོགས་བཀོད་སྒྲིག ཞིང་པའི་ཁང་པར་དོ་དམ། གྲོང་ཚོའི་སྒྲིག་གཞི་བཀོད་སྒྲིག བུ་བཅོལ་ཁང་གི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ལ་ཁྱོན་ཡོངས་ནས་མཁྱེན་རྟོགས་གནང་བ་རེད། དེ་རྗེས་བརྟག་ཞིབ་ཚོགས་ཆུང་ཁག་གཉིས་ལ་བགོས་ཏེ།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社