分享按钮

ཇོ་མོ་གླང་མའི་ཁུལ་དུ་ཆུའི་ཐཱན་ལ་མཁའ་ཐོག་ནས་ལྟ་ཞིབ་ཚད་ལེན་གྱི་ཚོད་ལྟ་ཐེངས་དང་པོ་བྱེད་འགོ་ཚུཊ་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་2ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཟླ་8ཚེས་2ཉིན་ཀྲུང་གོ་ཚན་རིག་ཁང་མཁའ་དབྱིངས་ཆ་འཕྲིན་གསར་གཏོད་ཞིབ་འཇུག་ཁང་ནས་ཤེས་རྟོཊ་བྱས་པར་གཞིཊ་ན། ཞིབ་འཇུག་ཁང་དེས་སྒྲིག་འཛུགས་བྱས་ནས་སྤེལ་བའི་ཇོ་མོ་གླང་མའི་ཁུལ་གྱི་ས་ཆ་མི་འདྲ་བའི་གནམ་གཤིས་ཀྱིས་ཕན་ཚུན་ནུས་པ་ཐོན་པའི་ལངས་གཟུཊ་ལྟ་ཞིབ་ཚད་ལེན་ཚོད་ལྟ་ཉིན་ཤས་གོང་དངོས་སུ་སྤེལ་འགོ་ཚུགས་པ་རེད། དེའི་རིང་ཚོཊ་པས་མཁའ་འགྲུལ་སྟེཊ་བུ་སྤྱད་དེ་ཇོ་མོ་གླང་མའི་ཁུལ་དུ་ཆུ་ཚ་པོའི་ཐཱན་ལ་ལྟ་ཞིབ་ཚད་ལེན་གྱི་ཚོད་ལྟ་ཐེངས་དང་པོ་བྱས་ཡོད།

ཚོད་ལྟ་ཚོགས་པའི་འགན་འཁུར་བ་དང་ཀྲུང་གོ་ཚན་རིག་ཁང་མཁའ་དབྱིངས་ཆ་འཕྲིན་གསར་གཏོད་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཅ་ལི་ཡིས་ས་ངོས་དང་རླུང་ཁམས་དབར་གྱི་ནུས་པ་ཐོན་རེས་ནི་འབྱུང་ཁམས་དང་གནམ་གཤིས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཇོ་མོ་གླུང་མའི་ཁུལ་གྱི་ས་ངོས་དང་རླུང་ཁམས་དབར་གྱི་ནུས་པ་ཐོན་རེས་ཀྱིས་མཚོ་བོད་ས་མཐོ་དང་དེ་བཞིན་མཐའ་འཁོར་གྱི་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་མ་ཟད། ད་དུང་རྙོག་འཛིང་ཆེ་བའི་གནམ་གཤིས་གནས་ཚུལ་གྱི་ལམ་སྲོལ་དང་རླུང་ཁམས་ཆེན་པོའི་འཁོར་རྒྱུན་ལས་གོ་ལ་ཧྲིལ་པོའི་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཅེས་བཤད།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-04 6 6 拉萨日报藏文 c185750.html 1 ཇོ་མོ་གླང་མའི་ཁུལ་དུ་ཆུའི་ཐཱན་ལ་མཁའ་ཐོག་ནས་ལྟ་ཞིབ་ཚད་ལེན་གྱི་ཚོད་ལྟ་ཐེངས་དང་པོ་བྱེད་འགོ་ཚུཊ་པ། /enpproperty-->