ཉེ་ཆར།ནན་ཅིང་གསོ་རིག་སློབ་ཆེན་ཞོར་གཏོགས་བྱིས་པའི་སྨན་ཁང་གི་སྨན་བཅོས་ཚོགས་པ་དང་བཅས་པ་མལ་གྲོ་གུང་དཀར་རྫོང་དུ་འོས་འགན་སྨན་བཅོས་བྱེད་པར་སླེབས་ཡོད། ལོ་བཅུའི་རིང་།ནན་ཅིང་གྲོང་ཁྱེར་གྱི་གཅིག་གྱུར་བཀོད་སྒྲིག་འོག ནན་ཅིང་གསོ་རིག་སློབ་ཆེན་ཞོར་གཏོཊ་བྱིས་པའི་སྨན་ཁང་གི་སྨན་བཅོས་ཚོགས་པས་མལ་གྲོ་གུང་དཀར་རྫོང་དུ་བྱིས་པ་3000ཙམ་ལ་བརྟག་དཔྱད་བྱས་ཡོད་ཅིང་།ལྷན་སྐྱེས་རང་བཞིན་གྱི་ནད་ཕོག་པའི་བྱིས་པ་བརྒྱ་ཙམ་ལ་རིན་མེད་ངང་སྨན་བཅོས་བྱས་པར་མ་ཟད། ད་དུང་ས་གནས་དེ་གའི་སྨན་པ་ཁག་གཅིག་གསོ་སྐྱོང་བྱས་ཡོད།
པར་འདི་ནི་ནན་ཅིང་གསོ་རིག་སློབ་ཆེན་ཞོར་གཏོགས་བྱིས་པའི་སྨན་ཁང་སྙིང་ཁམས་ལྟེ་གནས་ཀྱི་ཀྲུའུ་རེན་མོ་ཞུས་མིང(གཡས)གིས་མལ་གྲོ་གུང་དཀར་རྫོང་དུ་བྱིས་པའི་གཟུགས་པོར་བརྟག་དཔྱད་བྱེད་བཞིན་པའི་རྣམ་པ་ཡིན་པ།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社