分享按钮

ལྷ་སའི་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་ཏང་ཨུད་སྐབས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོཊ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་31ཉིན་གྱི་སྔ་དྲོར།ལྷ་སའི་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་ཏང་ཨུད་སྐབས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི། ལྷ་སའི་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཤའོ་ཡིའུ་ཚའེ་ཚོགས་འདུར་ཞུགས་ནས་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ནན་གསུངས་གནང་དོན། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་མཛུབ་སྟོན་དུ་བྱེད་པ་མཐའ་འཁྱོངས་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་ལས་འགན་བློ་ལ་བརྟན་པོར་ངེས་པ། དཀའ་ཉེན་ལ་མི་སྐྲག་པ། འཐབ་རྩོད་བྱེད་ཕོད་པ། དཀའ་སྤྱད་འབད་བརྩོན་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས།དམག་དཔུང་བཙུགས་ནས་ལོ་ངོ་100འཁོར་བར་ལེགས་སྐྱེས་འབུལ་དགོས།

ཤའོ་ཡིའུ་ཚའེ་ཡིས་ལྷ་སའི་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་གི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་རྒྱལ་ཁའི་ངང་འཚོགས་པར་བཀྲ་ཤིས་སྨོན་ཚིག་གནང་ཞིང་། ཁོང་གིས་གསུངས་དོན། ལྷ་སའི་ལྷ་སའི་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་གི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དྲུག་པ་འཚོགས་ཚུན་གྱི་ལོ་ལྔའི་རིང་། ལྷ་སའི་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་ཏང་ཨུད་ཀྱིས་རྒྱ་ཆེའི་དཔོན་དམག་གི་སྣེ་ཁྲིད་དེ་བཀའ་གསུང་ཅི་སྒྲུབ་དང་འབད་པ་ཆེར་བསྐྱེད་ངང་ལས་འགན་ཁག་གཟེངས་སུ་ཐོན་པའི་སྒོ་ནས་ལེགས་གྲུབ་བྱས་ཤིང་། ལྷ་སའི་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།

ཤའོ་ཡིའུ་ཚའེ་ཡིས་ནན་གསུངས་གནང་དོན། སྐབས་གསར་པའི་ལྷ་སའི་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་ཏང་ཨུད་ཀྱིས་འགན་འཁྲི་དང་ལས་འགན་ལ་དོ་ཁུར་དང་། སྒྱུར་བཅོས་འཕེལ་རྒྱས་ལ་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་མཐའ་སྐྱོང་བོད་བརྟན་གྱི་བླ་མེད་འགན་འཁྲི་མཐའ་གཅིག་ཏུ་བསྒྲུབས་ཏེ། རྒྱང་ལམ་གསར་པར་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

སྟོབས་ཤུཊ་གཅིག་སྒྲིལ་གྱིས་དར་ཆ་གསལ་སྟོན་དང་བློ་སྲོག་གཏོད་དགོས་པ་སྟེ། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་བ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་གྱི་དགོངས་པར་སློབ་སྦྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་། ཡུན་རིང་གི་འཐབ་ཇུས་ཀྱི་ལས་འགན་ཞིག་ཏུ་བརྩི་དགོས། ཆབ་སྲིད་ཀྱི་སྦྱོང་བརྡར་དང་དག་ཐེར་བྱེད་ཤུགས་ཆེ་རུ་བཏང་སྟེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དམ་འཛིན་བྱས་ཏེ་མ་ལག་བཅོས་སྐྱོང་དང་། རྒྱུན་རྣམ་བཅོས་སྐྱོང་། སྒྲིག་སྲོལ་ལྟར་བཅོས་སྐྱོང་བཅས་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། (པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-03 6 6 拉萨日报藏文 c185726.html 1 ལྷ་སའི་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་ཏང་ཨུད་སྐབས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོཊ་པ། /enpproperty-->