འཕྲིན་ལན།
པའོ་ཕེ་ཆིང་དང་ཚའོ་ཆི་ཡུང་སོགས་རྒྱུད་ཁུངས་ཉིང་པོ་ནས་ཡིན་པའི་ཤང་ཀང་གི་ཁེ་ལས་པར།
ཁམས་བཟང་།ཁྱེད་ཚོའི་འཕྲིན་ཡིག་འབྱོར་བྱུང་།ལོ་མང་རིང་། ཁྱེད་ཚོས་མེས་པོའི་རྒྱལ་གཅེས་ཡུལ་གཅེས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་བྱས་ཐོག ཧུར་བརྩོན་ཆེན་པོས་བྱ་གཞག་གསར་གཏོད་དང་སློབ་སྐྱོར་ཐད་ཞལ་འདེབས་བརྒྱབ་སྟེ། ཕ་ཡུལ་འཛུགས་སྐྲུན་དང་རྒྱལ་ཁབ་གོང་འཕེལ་ཆེད་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་རབས་ནས་མི་རབས་བར་བརྒྱུད་པའི་རྒྱལ་གཅེས་ཀྱི་སེམས་པ་དང་ཕ་ཡུལ་ལ་བཅངས་པའི་བརྩེ་བ་མཚོན་པར་བྱས་ཡོད།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱིས་སེམས་ནུས་གཅིག་སྒྲིལ་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱེད་དགོས་ཀྱི་ཡོད། ཁྱེད་ཚོས་མུ་མཐུད་རང་ངོས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། ཧུར་བརྩོན་ཆེན་པོས་རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེའི་གནས་བབ་ཧྲིལ་པོའི་ནང་རང་འགུལ་ངང་མཉམ་འདྲེས་ཐུབ་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ཆེད་དུ་རང་ནུས་གང་ཡོད་འདོན་རྒྱུ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་དུ་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད།
ཞི་ཅིན་ཕིང་གིས།
2024ལོའི་ཟླ་7ཚེས་30ཉིན།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་1ཉིན་འབྱོར་བའི་གློག་འཕྲིན)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་དུས་པའོ་ཕེ་ཆིང་དང་ཚའོ་ཆི་ཡུང་སོགས་རྒྱུད་ཁུངས་ཉིང་པོ་ནས་ཡིན་པའི་ཤང་ཀང་གི་ཁེ་ལས་པར་འཕྲིན་ལན་སྤྲིངས་ཏེ།ཁོང་ཚོར་བྱམས་བརྩེའི་སྐུལ་མ་གནང་ཡོད།
ཞི་ཅིན་ཕིང་གིས། ལོ་མང་རིང་། ཁྱེད་ཚོས་མེས་པོའི་རྒྱལ་གཅེས་ཡུལ་གཅེས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་བྱས་ཐོག ཧུར་བརྩོན་ཆེན་པོས་བྱ་གཞག་གསར་གཏོད་དང་སློབ་སྐྱོར་ཐད་ཞལ་འདེབས་བརྒྱབ་སྟེ། ཕ་ཡུལ་འཛུགས་སྐྲུན་དང་རྒྱལ་ཁབ་གོང་འཕེལ་ཆེད་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་རབས་ནས་མི་རབས་བར་བརྒྱུད་པའི་རྒྱལ་གཅེས་ཀྱི་སེམས་པ་དང་ཕ་ཡུལ་ལ་བཅངས་པའི་བརྩེ་བ་མཚོན་པར་བྱས་ཡོད་ཅེས་བསྟན་འདུག
ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱིས་སེམས་ནུས་གཅིག་སྒྲིལ་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱེད་དགོས་ཀྱི་ཡོད། ཁྱེད་ཚོས་མུ་མཐུད་རང་ངོས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། ཧུར་བརྩོན་ཆེན་པོས་རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེའི་གནས་བབ་ཧྲིལ་པོའི་ནང་རང་འགུལ་ངང་མཉམ་འདྲེས་ཐུབ་པར་བྱས་ཏེ། (པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社