ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བརྒྱད་གཅིག་དམག་འཛུགས་དུས་ཆེན་ཐེངས་97པ་འཆར་བའི་མཚམས་ཀྱི་ཉིན་ཤས་བསྟུད་མར་གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་ལྷ་སར་བཅའ་སྡོད་དཔུང་སྡེའི་དཔོན་དམག་ལ་འཚམས་འདྲི་གནང་ཞིང་། གྲོང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས།གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱི་ཚབ་ཞུས་ནས་ལྷ་སར་བཅའ་སྡོད་དཔུང་སྡེའི་དཔོན་དམག་དང་། དྲག་ཆས་ཉེན་རྟོག་དཔོན་དམག ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ། རྒྱ་ཆེའི་དམག་ཞབས་ཐིམ་པའི་དམག་མི་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་དང་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི། ལྷ་སའི་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་བཅས་ཡིན་པའི་ཤའོ་ཡིའུ་ཚའེ་སྔ་རྗེས་སུ་ལྷ་སར་བཅའ་སྡོད་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཡན་ལག་རུ་ཁག་ག་གེ་མོ་དང་མཁའ་དམག་གི་ཡན་ལག་རུ་ཁག་ག་གེ་མོ།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社