分享按钮

ལྷ་ས་གྲོང་ཨུད་ཀྱིས་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་2024ལོའི་ལས་དོན་ཚོཊ་འདུ་ཐེངས་གཉིས་པ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྷ་ས་གྲོང་ཨུད་ཀྱི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱུན་གཏན་དང་ཕུགས་ཕན་གྱི་སྒོ་ནས་སྤྱོད་ཚུལ་འཛུགས་སྐྱོང་ལས་དོན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་ཆེད། ཟླ་7ཚེས་31ཉིན།ལྷ་ས་གྲོང་ཨུད་ཀྱིས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་2024ལོའི་ལས་དོན་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་རེད།

ཀྲའོ་ཧུའེ་ཉན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག རང་སྐྱོང་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་འགོ་ཁྲིད་བློ་མཐུན་གཙོ་བོས་ཉེ་དུས་གནང་བའི་སྤྱོད་ཚུལ་འཛུགས་སྐྱོང་སྐོར་གྱི་མཛུབ་སྟོན་མཆན་བཀོད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་།《སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་སྐོར་གྱི་བྱ་ཐབས་འགའ་ཞིག》དང་།《ལྷ་ས་གྲོང་ཁྱེར་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱས་ནས་མིག་སྔའི་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》བརྒྱུད་བསྒྲགས་བྱས་པར་མ་ཟད། ཁོངས་གཏོགས་སྡེ་ཚན་ཁག་གི་ལས་དོན་དོན་འཁྱོལ་བྱས་ཚུལ་དང་འགག་གནད་ལ་གསན་ནས་དུས་མཚམས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་ཞིབ་ཕྲ་བྱས་ཡོད།

ཀྲའོ་ཧུའེ་ཉན་གྱིས་ནན་གསུངས་གནང་དོན། རིམ་ཁག་སྡེ་ཚན་གྱིས་སྤྱོད་ཚུལ་ལེགས་སུ་གཏོང་བའི་གལ་ཆེའི་རང་བཞིན་དང་། ཁ་ཚ་དགོས་གཏུགས་ཀྱི་རང་བཞིན། ཡུན་རིང་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱས་ཏེ།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-03 6 6 拉萨日报藏文 c185724.html 1 ལྷ་ས་གྲོང་ཨུད་ཀྱིས་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་2024ལོའི་ལས་དོན་ཚོཊ་འདུ་ཐེངས་གཉིས་པ་འཚོགས་པ། /enpproperty-->