གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་། གྲོང་ཁྱེར་གྱི་སྒྲིག་བཀོད་ལེགས་སུ་གཏོང་བའི་ཆེད་དོན་དཔུང་ཁག་གིས་མགྱོགས་མྱུར་ལས་དོན་སྤེལ་བ་དང་། གྲོང་ཨུད་ཀྱིས་གསལ་པོར་བསྟན་པའི་བཅོས་སྒྲིག་གི་ནང་དོན་གཙོ་བོར་དམིགས་པ། སེམས་ཤུགས་གཅིག་སྒྲིལ་གྱིས་བཅོས་སྒྲིག་ལས་དོན་ཁག་ལ་སྐུལ་འདེད་ནུས་ལྡན་བཏང་བ་བཅས་བྱས་པས། ལས་བྱེད་པས་སྣེ་འཁྲིད་པ་དང་མང་ཚོགས་ཞུགས་པའི་བཅོས་སྒྲིག་གི་རྣམ་པ་བཟང་པོ་ཞིག་ཆགས་ཤིང་། གྲོང་ཁྱེར་གྱི་སྒྲིག་བཀོད་ལེགས་སུ་གཏོང་རྒྱུར་འགོ་ཡག་པོ་ཞིག་བརྩམས་ཐུབ་ཡོད།
ཆར་དུས་སུ་ཟིན་རྗེས་ལྷ་སར་ཆར་པ་མང་པོ་འབབ་བཞིན་ཡོད་པར་མ་ཟད། དུས་མཚམས་ཁ་ཅིག་ཏུ་ཆར་པ་ཆེན་པོ་བབས་ནས་གྲོང་ཁྱེར་གྱི་ཆུ་འབུད་སྒྲིག་བཀོད་ལའང་འགལ་རྐྱེན་ཧ་ཅང་ཆེན་པོ་བཟོས་ཡོད། ཐེན་ཧའེ་བྱང་ལམ་དང་འདམ་ར་ལམ་གྱི་བཞི་མདོ་ཁར་གཤོང་ས་ཅུང་ཆེ་བས་ཆར་པ་བབས་ན་ཆུ་འཁྱིལ་བའི་གནས་ཚུལ་ཐོན་སླ། ཆར་པ་བབས་རྗེས་གསར་འགོད་པས་དེ་གར་བཅར་འདྲི་བྱེད་སྐབས། ཉམས་གསོའི་རླངས་འཁོར་སེར་པོ་ཞིག་ལམ་འགྲམ་དུ་བཞག་ཡོད་པ་དང་། ཆུ་འཐེན་འཕྲུལ་འཁོར་གྱིས་སྦུ་གུའི་ནང་རྒྱུགས་མ་ཐུབ་པའི་ཆར་ཆུ་རྣམས་འཐེན་ནས་ཆུ་ཡུར་དུ་གཤོང་བཞིན་ཡོད་པས། ལམ་ངོས་སུ་རྒྱུན་གཏན་བཞིན་འཁྱིལ་ཆུ་ཐོན་མེད་པ་རེད།
གྲོང་ཁྱེར་གྱི་སྒྲིག་བཀོད་ལེགས་སུ་གཏོང་བའི་ཆེད་དོན་དཔུང་ཁག་གི་ལས་དོན་པ་ལི་ལིན་ཡུས་ཀྱིས། ད་ལོའི་ཟླ་6པ་ནས་བཟུང་། ང་ཚོས་ཐེན་ཧའེ་ལམ་དང་འདམ་ར་ལམ་གྱི་བཞི་མདོ་ཁ་རུ་ཁ་ཞེང་ལ་ཧོ་སྨི་400ཡོད་པའི་རླབས་རིས་སྦུ་གུ་གཉིས་བསྣན་ནས་ཆར་ཆུ་རྣམས་ཆུ་ཡུར་དུ་གཤོང་གིན་ཡོད་པས་ལམ་ངོས་སུ་ཆུ་འཁྱིལ་བའི་གནས་ཚུལ་མི་ཐོན་རྒྱུར་འགན་ལེན་བྱས་ཡོད་ཅེས་བཤད།
གསར་འགོད་པར་ཤེས་རྟོཊ་བྱུང་བར་གཞིགས་ན། 2024ལོའི་ཆུ་འབྲུབ་དུས་སུ་ཆུ་ལོག་དང་ཞོད་སྐྱོན་གྱི་གྲ་སྒྲིག་ལས་དོན་སྔ་སྣུར་དུ་ལེགས་པར་བསྒྲུབ་ཆེད།གྲོང་ཁྱེར་དོ་དམ་ཅུས་ཀྱིས་མ་དངུལ་སྒོར་ཁྲི་500བཏང་ནས་གྲོང་ཁྱེར་གྱི་ཆུ་འབུད་སྦུ་གུའི་དྲ་བ་ལེགས་གཏོང་དང་ཉམས་གསོའི་ལས་གཞི་ལག་བསྟར་བྱས་ཤིང་། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社