分享按钮

ཅང་སུའུ་དང་།ལྷ་ས།དབྱི་ལི་བཅས་ཀྱི་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་གཉེར་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་29ཉིན་གྱི་སྔ་དྲོར་དབྱི་ལི་ཀྲོའུ་རིག་གནས་ཡུལ་སྐོར་ཅུས་དང་ལྷ་ས་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་དང་དབྱི་ལི་ཀྲོའུ་དཔེ་མཛོད་ཁང་གིས་གཉེར་འགན་འཁུར་བའི་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་གཉེར་འགོ་ཚུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཞིབ་འཇུག་སློབ་སྦྱོང་དེས་སེ་འབྲུའི་མེ་ཏོག་རབ་ཏུ་བཞད།ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་ཅེས་པ་ཞིབ་འཇུག་དང་སློབ་སྦྱོང་གི་ནང་དོན་གཙོ་བོར་བྱེད་པ་དང་། དཔེ་མཛོད་ཁང་དང་རྟེན་མཛོད་ཁང་གཞི་རྟེན་དུ་བྱས་ནས་ཞིབ་འཇུག་དང་སློབ་སྦྱོང་གཏིང་ཟབ་བྱས་ཡོད། ད་ཐེངས་ཀྱི་ཡུལ་སྐོར་དེ་དབྱི་ལི་ཀྲོའུ་དཔེ་མཛོད་ཁང་ནས་དར་ཆ་སྤྲད་རྗེས་འགོ་ཚུགས་རྒྱུ་ཡིན་པ་དང་། ཞིབ་འཇུག་དང་སློབ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་པོ་ཞིག་ཇུས་འགོད་བྱས་ཡོད། ཅང་སུའུ་ནས་ཡོང་བའི་གཞོན་ནུ་7དང་། བོད་ལྗོངས་ལྷ་ས་དང་ཤིན་ཅང་དབྱི་ལི་ནས་ཡོང་བའི་གཞོན་ནུ་14ཡིས་གཅིག་གཏད་གཉིས་ཀྱི་རྣམ་པའི་ཐོག་ནས་ཉིན་7དང་མཚན་མོ་6རིང་མཉམ་གནས་བྱས་ནས་དབྱི་ལི་ཀྲོའུ་ལིན་ཙེ་ཞུས་དྲན་གསོ་ཁང་དང་། དབྱི་ཉིང་གྲོང་ཁྱེར་ཧན་ཅ་ཀོང་ཇོའི་དྲན་གསོ་ཁང་། ཁ་ཙན་ཆི་དམངས་སྲོལ་ཡུལ་སྐོར་ཁུལ་སོགས་སུ་རིག་གནས་སྤེལ་རེས་དང་ཞིབ་འཇུག་སློབ་སྦྱོང་བྱས་ཡོད།

སྣ་མང་ཕུན་སུམ་ཚོཊ་པའི་བྱེད་སྒོ་བརྒྱུད། ཅང་སུའུ་དང་བོད་ཀྱི་སློབ་གྲོགས་ཚོ་ཤིན་ཅང་དུ་བསྐྱོད་དེ་ཡངས་ཤིང་རྒྱ་ཆེ་བའི་ས་མཐོ་དང་གྲངས་ཉུང་མི་རིགས་ས་ཁུལ་གྱི་རིག་གནས་སྣ་མང་རང་བཞིན་ཐུན་མོང་ཐོག་མྱོང་རོལ་བྱེད་པ་དང་། བོད་ལྗོངས་དང་ཤིན་ཅང་གི་ཕྲུ་གུ་ཚོར་ནན་ཅིང་ཤེས་རྟོཊ་དང་རྒྱལ་རབས་དྲུག་གི་གནའ་བོའི་རྒྱལ་ས་ནན་ཅིང་གི་སྲོལ་རྒྱུན་རིག་གནས་དང་དེ་བཞིན་སྤྱི་ཚོཊ་ཀྱི་རིག་གནས་སྣང་ཚུལ་སྣ་ཚོཊ་ཀྱི་ནང་དོན་ཟབ་མོ་མྱོང་ཚོར་ཐུབ་པར་བྱས་པས་ཅང་སུའུ་དང་། ལྷ་ས། དབྱི་ལི་བཅས་ས་ཁུལ་གསུམ་གྱི་གཞོན་ནུ་ལོ་ཆུང་དབར་རིག་གནས་སྤེལ་རེས་བྱེད་ཤུཊ་ཆེ་རུ་ཕྱིན་པར་མ་ཟད། མི་རིཊ་མཐུན་སྒྲིལ་གྱི་ས་བོན་གཞོན་ནུ་ལོ་ཆུང་གི་སེམས་སུ་གཏིང་ཟབ་འཇགས་པར་བྱས་ཡོད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-03 6 6 拉萨日报藏文 c185715.html 1 ཅང་སུའུ་དང་།ལྷ་ས།དབྱི་ལི་བཅས་ཀྱི་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་གཉེར་འགོ་ཚུགས་པ། /enpproperty-->