分享按钮

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུཊ་པའི་ནུས་པ་རྒྱུན་ཐོན་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་བསམ་འཆར》པར་འགྲེམས་བྱས་པ།

(པར་ངོས་དང་པོར་མཐུད)སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་གནད་ལ་འཁེལ་བ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པ། དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞི་ལག་བསྟར་གཏིང་ཟབ་དང་སྡེ་ཚན་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཞན་ཆ་གསབ་མགྱོགས་སུ་གཏོང་བ། རིགས་དབྱེ་གནད་སྨིན་ཇུས་འདོན་བྱེད་པ། འགན་བཅོལ་ནང་ཞུགས་པའི་གྲུབ་ཆ་ལེགས་སུ་གཏོང་བ་དང་འགན་བཅོལ་ནང་ཞུགས་པའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ཀྱི་སྒོ་ནས་མང་ཚོགས་ཁྲིམས་ལྟར་འགན་བཅོལ་ནང་ཞུགས་པའི་ཁེ་དབང་ལ་སྲུང་སྐྱོང་བྱས་ཡོད།སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་དང་། མང་ཚོགས་ཀྱི་སྨན་པ་བསྟེན་རྗེས་ཀྱི་སེམས་ཁྲལ་ཐག་གཅོད་ཏན་ཏིག་བཅས་བྱེད་དགོས།《མཛུབ་སྟོན་བསམ་འཆར》ནང་ཕྱོགས་ཁག་གི་འགན་འཁྲི་ཁ་གསལ་བཟོས་ནས་ཁྲིམས་ལྟར་འགན་བཅོལ་ནང་ཞུགས་རྒྱུ་དོན་འཁྱོལ་བྱེད་དགོས་པ་དང་། སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་བཏང་ནས་བསྟུད་མར་འགན་བཅོལ་ནང་ཞུགས་རྒྱུར་སྐུལ་མ་གཏོང་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ནས་འགན་བཅོལ་ནང་ཞུགས་པའི་ཐོབ་སྣང་ཆེ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད། 《མཛུབ་སྟོན་བསམ་འཆར》ནང་གཤམ་གསལ་གྱི་གཙོ་གནད་བྱེད་ཐབས་བཏོན་ཡོད་པ་སྟེ།

གཅིག་ནི་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས། དེ་ཡང་རྒྱུན་སྡོད་བྱ་ཡུལ་དང་ལས་ཞུགས་བྱ་ཡུལ་དུ་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ཐེམ་ཐོའི་ཚད་བཀག་སྔར་བས་ལྷུག་ཏུ་གཏོང་དགོས་པ་དང་། གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་གྲོང་མིའི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་འབྲེལ་བ་བྱེད་པར་སྐུལ་འདེད་གཏོང་དགོས་པ། ལས་བཟོ་བའི་མི་སྒེར་གྱི་སྨན་བཅོས་འགན་བཅོལ་གྱི་རྩིས་ཐོའི་ཐོག་ནས་འགན་བཅོལ་ནང་ཞུགས་མཁན་གྱི་གཉེན་ཉེ་ལ་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་མི་སྒེར་གྱི་གྲོན་དངུལ་སྤྲོད་རོགས་བྱེད་པ་དང་དེ་བཞིན་འགན་བཅོལ་ནང་ཞུགས་པའི་གཉེན་ཉེས་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་སྨན་པ་བསྟེན་ནས་སྨན་རྫས་ཉོ་སྐབས་སྤྲོད་དགོས་པ་དང་།སྨན་བཅོས་འགྲོ་གྲོན་སྤྲོད་རྒྱུར་རྒྱབ་སྐྱོར་བྱེད་དགོས། གྲོང་མིའི་སྨན་བཅོས་འགན་བཅོལ་ནང་བསྟུད་མར་ཞུགས་མཁན་དང་འགྲོ་སོང་རྩིས་ཞུ་མེད་པའི་མི་སྣའི་ནད་ཆེན་གྱི་འགན་བཅོལ་ཐོབ་ཐང་ལ་སྐུལ་ལྕག་གཏོང་བའི་ལམ་སྲོལ་འཛུགས་པ་དང་། བསྟུད་མར་འགན་བཅོལ་ནང་ཞུགས་རྒྱུར་སྐུལ་ལྕག་གཏོང་བ་དང་འགྲོ་སོང་རྩིས་ཞུ་མེད་པའི་སྐུལ་ལྕག་བཏང་ནས་རྩ་དོན་ཐོག་ཐེངས་རེར་བཅད་གྲངས་མཐོ་རུ་གཏོང་ཚད་དེ་སྒོར་1000ལས་མི་དམའ་བ་བྱེད་དགོས།2025ལོ་ནས་བཟུང་ཕྲུ་གུ་དམར་འབྱར་སོགས་དམིགས་བསལ་ཚོགས་སྤྱི་ཕུད་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་གཅིག་སྡུད་ཐོག་ཞུགས་མེད་པའམ་ཡང་ན་བསྟུད་མར་ཞུགས་མེད་པའི་མི་སྣར་འགན་བཅོལ་ནང་ཞུགས་རྗེས་ཀྱི་གཏན་འཇགས་ཐོབ་ཐང་སྒུག་པའི་དུས་ཚོད་དང་འགྱུར་ལྡོག་ཐོབ་ཐང་སྒུག་པའི་དུས་ཚོད་བཀོད་སྒྲིག་བྱས་ཡོད།

གཉིས་ནི་དོ་དམ་ཞབས་ཞུ་ལེགས་སུ་གཏོང་དགོས། དེ་ཡང་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་གཞི་གྲངས་མཛོད་བཙུགས་ནས“མི་གཅིག་ལ་ཡིག་ཚགས་གཅིག”གི་དོ་དམ་མངོན་འགྱུར་ཡོང་བར་བྱེད་དགོས། ལོ་ལྟར་ཟླ་9པར་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་དགོས་ཤིང་། ཕྲུ་གུ་སྐྱེས་པའི་གསོ་རིག་དཔང་ཡིག་དང་། ཐེམ་ཐོ་ཐོ་འགོད། སྨན་བཅོས་འགན་བཅོལ་ནང་ཞུགས་པ་སོགས“སྐྱེས་པའི་དོན་དག་གཅིག”ཕྱོགས་བསྡུས་ཅན་དུ་འགྱུར་བའི་སྒྲུབ་གཉེར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་།འགྲོ་ལུགས་སྟབས་བདེ་རུ་གཏོང་བ། བརྒྱུད་རིམ་ལེགས་སུ་གཏོང་བ་བཅས་བྱས་ཏེ་ལྟ་སྐྱོང་པས་ཕྲུ་གུ་དམར་འབྱར་སྐྱེས་པའི་ལོ་དེར་འགན་བཅོལ་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་དགོས། མཐུན་རྐྱེན་ཧུར་ཐག་བསྐྲུན་ནས་རང་མོས་ཀྱིས་རེ་ཞུ་བྱེད་པར་མ་ཟད་ཆ་རྐྱེན་དང་མཐུན་པའི་གྲོང་ཚོའི་འཕྲོད་བསྟེན་ཁང་སྨན་བཅོས་འགན་བཅོལ་བསྡོམས་རྩིས་ཁྱབ་ཁོངས་ནང་བཅུག་སྟེ་དུས་ཐོག་ཏུ་བསྡོམས་རྩིས་རྒྱག་རྒྱུར་སྐུལ་འདེད་གཏོང་དགོས།

གསུམ་ནི་སྡེ་ཚན་དབར་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། དེ་ཡང་འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་བཅོལ་ནང་ཞུགས་པའི་ལས་དོན་ཁྲོད་ཀྱི་འགན་འཁྲི་གཙོ་བོ་ཁ་གསལ་བཟོས་ནས་མི་འབོར་ཆ་འཕྲིན་གྱི་གྲངས་གཞི་བསྡུར་བ་དང་། སྤྱི་ཚོགས་འགན་བཅོལ་ལས་སྒོའི་མཐུན་སྦྱོར་མཉམ་འགུལ། ཕྲུ་གུ་དམར་འབྱར“སྐྱེས་པའི་དོན་དག་གཅིག”གི་ཞབས་ཞུ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཁྲིམས་ལྟར་ཚད་ལྡན་ངང་སྨན་བཅོས་རོགས་སྐྱོབ་ནང་ཞུགས་རྒྱུར་སྐུལ་སློང་དང་ཁྲིད་སྟོན་བྱས་ནས་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ཚོང་ལས་འགན་བཅོལ་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པར་མ་ཟད།ཆ་འཕྲིན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་དགོས་པ་རེད།

《མཛུབ་སྟོན་བསམ་འཆར》ནང་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་བསྡུས་ཀྱིས་གདེང་འཇོག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། མ་དངུལ་གྱི་རྒྱབ་སྐྱོར་འགན་ལེན་བཅས་བྱས་ནས་བྱེད་ཐབས་ཁག་བརྟན་པོའི་ངང་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-03 6 6 拉萨日报藏文 c185714.html 1 རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུཊ་པའི་ནུས་པ་རྒྱུན་ཐོན་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་བསམ་འཆར》པར་འགྲེམས་བྱས་པ། /enpproperty-->