(པར་ངོས་དང་པོར་མཐུད)ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་བསམ་བློའི་ངོས་འཛིན་གཏིང་ཟབ་མེད་པ་དང་།ལས་ཀའི་སྤྱོད་ཚུལ་ཡང་དག་མིན་པ། ཐབས་ཇུས་ལག་བསྟར་ནུས་ལྡན་མེད་པ། ཕྱི་ཚུལ་རིང་ལུགས་ཚབས་ཆེན་ཡིན་པ། བག་ཕེབས་སྐྱིད་འདོད་བྱེད་པ། དམ་པ་དོན་གཉེར་གྱི་སྙིང་སྟོབས་མི་འདང་བ། རང་འགུལ་གྱི་སློབ་སྦྱོང་མི་འདང་བ་སོགས་སྤྱོད་ཚུལ་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་དག་ཐེར་མཐར་ཕྱིན་པར་བྱེད་དགོས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་དམིགས་ནས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་ཏེ་མིག་སྔའི་གཙོ་གནད་ལས་དོན་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། ཞིབ་ཐོ་ཅན་གྱི་དོ་དམ་དང་། རྣམ་གྲངས་ཅན་གྱི་དོན་འཁྱོལ། ལས་གྲྭ་ཅན་གྱི་སྐུལ་འདེད་བཅས་ཀྱི་བྱེད་སྟངས་གཞིར་བཟུང་། འགན་འཁྲི་ནན་ཏན་སྒྲུབ་པ་དང་རང་འགུལ་ངང་འགན་ཁུར་ནས་གཟེར་འདེབས་ཀྱི་སྙིང་སྟོབས་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག གྲོང་ཨུད་ཀྱི་ལས་ཀའི་བླང་བྱ་བཅས་དོན་འཁྱོལ་ཞིབ་ཕྲ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། “འགག་རྩའི་ཉུང་ཤས”དང་། གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ལས་དོན། གནད་དོན་གྱི་འབྱུང་རྩ་བཅས་ལ་དམ་པོར་དམིགས་ཏེ། རིམ་པ་རེ་རེ་བཞིན་འགན་འཁྲི་ཏན་ཏིག་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱ་དགའ་དང་ཆད་གཅོད་ནན་པོ་བཅས་བྱས་ཏེ། ལས་བྱེད་པའི་དཔུང་ཁག་གི་སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་བར་བརྟེན་ནས་བྱ་གཞག་ཁག་བརྟན་ཞིང་ཡུན་རིང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社