(པར་ངོས་དང་པོར་མཐུད)བོད་ལྗོངས་ནི་རྒྱལ་ཁབ་ཀྱིས་མ་དངུལ་ཆ་ཚང་བཏང་ནས་གཞུང་ལམ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པའི་རྒྱལ་ཡོངས་ཀྱི་ཞིང་ཆེན་གཅིག་པུ་དེ་རེད། རྒྱལ་ཁབ་ཀྱིས་རྒྱུན་མཐུད་ངང་མ་དངུལ་བཏང་བ་བརྒྱུད། བོད་ལྗོངས་ཀྱི་རིམ་མཐོའི་གཞུང་ལམ་གྱི་རིང་ཚད་ལ་སྤྱི་ལེ་1196ཟིན་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་འཕེལ་རྒྱས་གཏོང་བའི་ནུས་པ་དུས་གཅིག་ཏུ་ཆེ་རུ་ཕྱིན་ཡོད། ལོ་བཅུའི་རིང་། བོད་ལྗོངས་ཀྱིས་རིམ་རྩིས་བྱས་ན་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་5805བཀོད་སྒྲིག་བྱས་པ་དང་། གསར་དུ་བསྐྱར་སྐྲུན་བྱས་པའི་གྲོང་གསེབ་ཀྱི་གཞུང་ལམ་གྱི་ལམ་ཚད་ལ་སྤྱི་ལེ་ཁྲི་5.87ཟིན་ཡོད། 2023ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་ལ་སྤྱི་ལེ་ཁྲི་9.3ཟིན་ཡོད། ཆ་རྐྱེན་འཛོམས་པའི་ཤང་གྲོང་རྡལ་དང་། སྲིད་འཛིན་གྲོང་ཚོའི་གཞུང་ལམ་ཤར་གཏོང་ཐུབ་ཚད་ཚང་མ་བརྒྱ་ཆ་100ཟིན་པས། ཤར་གཏོང་ཐུབ་ཚད་བརྒྱ་ཆ་95.55དང་བརྒྱ་ཆ་82.6སོ་སོར་ཟིན་ཡོད། ཆ་རྐྱེན་འཛོམས་པའི་ཤང་གྲོང་རྡལ་དང་། སྲིད་འཛིན་གྲོང་ཚོ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་དང་། འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་བརྒྱ་ཆ་91.43དང་བརྒྱ་ཆ་71.55སོ་སོར་ཟིན་ཡོད།
བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ཕྱིས་འབྱུང་། བོད་ལྗོངས་ཀྱིས་མྱུར་བགྲོད་གཞུང་ལམ་དྲ་བའི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ས་ཁུལ་དང་གྲོང་ཁྱེར་དང་འགག་སྒོ་གལ་ཆེན་ཚང་མ་འབྲེལ་མཐུད་བྱེད་མགྱོགས་སུ་གཏོང་བ་དང་། དུས་མཚུངས་སྤྱིར་བཏང་གི་མ་ལམ་དྲ་བའི་སྤུས་ཚད་ལེགས་སུ་བཏང་ནས་གྲོང་ཁྱེར་དང་རྫོང་ཚང་མ་འབྲེལ་མཐུད་བྱེད་པ་དང་ཞིང་ཆེན་དབར་གྱི་ཐོན་སྒོ་ཚང་མར་ཁྱབ་པར་བྱ་རྒྱུ་མ་ཟད། ཤང་དང་གྲོང་རྡལ། སྲིད་འཛིན་གྲོང་ཚོ། དེ་བཞིན་རང་བྱུང་གྲོང་ཚོ་བཅས་ལ་མཁྲེགས་འགྱུར་ལམ་ཤར་གཏོང་ཐུབ་པའི་དམིགས་ཚད་ཁྱོན་ཡོངས་ནས་མངོན་འགྱུར་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社