分享按钮

གྲོང་ཁྱེར་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས་ཞོ་སྟོན་རིང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་1ཉིན་གྲོང་ཁྱེར་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས་ཞོ་སྟོན་རིང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད།

ཚོགས་འདུའི་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་དང་། ཟླ་7ཚེས་31ཉིན་འཚོགས་པའི་གྲོང་ཨུད་ཞོ་སྟོན་ཆེད་དོན་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་ཤིང་། འབྲེལ་ཡོད་དགོན་སྡེའི་དོ་དམ་ཨུ་ལྷན་གྱི་ཞོ་སྟོན་སྐབས་ཀྱི་གོས་སྐུ་འགྲེམས་སྟོན་བྱེད་སྒོའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུར་གསན་པ་རེད།

ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་བསྒྲགས་དང་སྒྲོག་འགྲེལ་གཏིང་ཟབ་བྱེད་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྟེན་ནས་མི་སེམས་དང་སྟོབས་ཤུགས་གཅིག་སྒྲིལ་ཡོང་བར་བྱེད་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྟེན་ནས་ལྷ་སའི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་ལས་དོན་ཁག་གཞུང་འཁྱོངས་གསར་འབྱེད་དང་། བློ་རྩ་བརྟན་པོས་ཡར་བརྩོན། མདུན་ལམ་ཆེན་པོ་ལྡན་པ་བཅས་ཡོང་བར་མཛུབ་སྟོན་དང་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།

ད་ལོའི་ཞོ་སྟོན་རིང་ལྷ་ས་གྲོང་ཁྱེར་གྱི་འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུའི་ཐད་སྐལ་བཟང་ཚེ་བརྟན་གྱིས་གནས་བབ་མཐོ་རུ་གཏོང་བ་དང་། དུས་བབ་ལ་ངོས་འཛིན་གསལ་པོ་བྱེད་པ། ཆབ་སྲིད་ཀྱི་འགན་འཁྲི་ཁུར་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ།འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་དང་ལྷག་པར་དུ་ཆོས་ལུགས་ཁྱབ་ཁོངས་ཀྱི་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་པ་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ཏེ་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། གནས་ཡུལ་ལ་དོ་དམ། མི་སྣར་དོ་དམ། བྱེད་སྒོར་དོ་དམ་བཅས་བྱ་རྒྱུ་མངོན་གསལ་དོད་དུ་བཏང་ནས་གནད་ལ་ཏན་ཏིག་འཁེལ་བར་བྱེད་དགོས་པ། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་།ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། ནུས་ཤུགས་ཡོད་རྒུས་མངོན་མེད་རྐྱེན་ངན་སྔོན་འགོག་དང་། བརྟན་ལྷིང་འགན་སྲུང་། བདེ་འཇགས་ལ་སྐུལ་འདེད་བཅས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་བདེ་འཇགས་བརྟན་ལྷིང་དང་བཀྲ་ཤིས་པའི་དུས་ཆེན་གྱི་ཁོར་ཡུག་ཅིག་གཏོད་དགོས་པའི་ནན་གསུངས་གནང་ཡོད།

གྲོང་ཁྱེར་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་། མི་རིགས་ལས་དོན་ཨུ་ལྷན། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། རྫོང(ཆུས)ཨུ་ལྷན་ཁག་གི་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། གྲོང་ཁྱེར་ཁོངས་གཏོགས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-03 6 6 拉萨日报藏文 c185710.html 1 གྲོང་ཁྱེར་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས་ཞོ་སྟོན་རིང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས་པ། /enpproperty-->