ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་གྲོང་ཁྱེར་སྲིད་གྲོས་ཀྱི་དུས་ཐེངས་བཞི་པའི་ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭར་འགོ་ཚུགས་པ་དང་གསོ་སྦྱོང་དུས་ཡུན་ཉིན་4རེད།
ད་རེས་ཀྱི་གསོ་སྦྱོང་ནང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དྲུང་ཆེ་གཞོན་པ་དང་གྲོས་གཞི་ཨུ་ལྷན་གྱི་ཀྲུའུ་རེན་བུ་དགའ་སོགས་རིགས་གཅིག་མཁས་ཅན་དང་མཁས་དབང་མང་པོ་གདན་དྲངས་ནས་ཆེད་དོན་འཆད་ཁྲིད་ཀྱི་རྣམ་པའི་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་གཏིང་ཟབ་དང《སྲིད་གྲོས་སྒྲིག་ཡིག》གསལ་འགྲེལ་སོགས་ཐད་ཀྱི་ནང་དོན་ལ་དམིགས་ནས་སློབ་ཁྲིད་བྱས་ཏེ།སློབ་མ་ཚོར་སྲིད་གྲོས་ཨུ་ཡོན་གྱིས་སྤུས་ཚད་མཐོ་བའི་གྲོས་གཞི་འབྲི་སྟངས་དང་བྱ་ཐབས་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། བྱ་ཐབས་དང་ནང་དོན་ཤེས་རྟོགས་བྱས་པར་མ་ཟད། གསོ་སྦྱོང་སློབ་ཚན་ནང་གི་ནང་དོན་དཔྱད་གཞིར་བཟུང་ནས་བསྡུ་ལེན་བྱེད་པ་དང་འབྲེལ་རང་ངོས་ཀྱི་ལས་ཀའི་ནང་བེད་སྤྱོད་ཇི་ལྟར་བྱེད་དགོས་པ་དེ་བས་ཤེས་རྟོགས་ཐུབ་པར་བྱས་ཡོད།
གསོ་སྦྱོང་ནང་ཞུགས་མཁན་སློབ་མས་ད་ཐེངས་ཀྱི་གསོ་སྦྱོང་གོ་སྐབས་སུ་བྱས་ཏེ་རང་ངོས་ཀྱི་སྲིད་གྲོས་ཀྱི་ལས་སྒོའི་ནུས་པ་དང་ཞབས་ཞུའི་ཆུ་ཚད་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ་ཧེ་བག་འཚོལ་ཞིབ་བྱས་ནས་ལས་སྒོའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་ཆེ་རུ་གཏོང་གང་ཐུབ་བྱས་ཏེ་གྲོས་མོལ་བྱེད་ཤུགས་ཆེ་བ་དང་། བསམ་འཆར་སྟོན་པར་སྤུས་ཚད་ལྡན་པ། ཤུགས་རྐྱེན་ལྡན་པ། འགན་འཁྲི་སྒྲུབ་པའི་བྱང་ཚད་མཐོ་བ་བཅས་ཀྱི་སྲིད་གྲོས་ཨུ་ཡོན་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་བཤད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社