分享按钮

(པར་ངོས་དང་པོར་མཐུད)ཏང་ཀྲི་པུའུ་ཚང་མ་ཏང་གི་དར་ཆ་མཐོན་པོར་ལྷབ་ལྷུབ་ཏུ་གཡོ་བར་བྱེད་པའི་འཐབ་འཛིང་གི་བཙན་རྫོང་ཞིག་ཏུ་འགྱུར་བར་བྱེད་དགོས།

སྟོབས་ཤུགས་གཅིག་ཏུ་སྒྲིལ་གྱིས་དམག་སྦྱོང་བྱེད་དགོས་པ་སྟེ། དངོས་འཐབ་ཀྱི་ཁྲིད་སྟོན་མངོན་གསལ་དོད་དུ་བཏང་ནས་བཀའ་བཏང་མ་ཐག་ཡོང་བ་དང་། ཡོང་མ་ཐག་འཐབ་ཐུབ་པ། འཐབ་མ་ཐག་རྒྱལ་ཁ་ལེན་ཐུབ་པ་བཅས་ཀྱི་དམག་དཔུང་སྤུས་ལེགས་ཤིག་གསོ་སྐྱོང་བྱེད་དགོས་པ་དང་། སྒྱུར་བཅོས་ཀྱི་ནུས་པ་འདོན་སྤྲོད་མངོན་གསལ་དོད་དུ་བཏང་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྱོང་ལ་ནུས་པ་འདོན་སྤྲོད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

སྟོབས་ཤུགས་གཅིག་སྒྲིལ་གྱིས་དམག་དཔུང་དང་ས་གནས་མཉམ་དུ་འཛུགས་སྐྲུན་བྱེད་དགོས་པ་སྟེ། ས་གནས་ཀྱི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་དང་། འཕྲལ་སྡོམ་དང་ཉེན་སེལ་གེགས་སེལ་སོགས་ཉེན་ཁ་ཆེ་བའི་ལས་འགན་ལ་སྔར་བས་རང་འགུལ་ངང་ཞུགས་པ། གཞི་རིམ་བཅོས་སྐྱོང་དང་གྲོང་གསེབ་དར་རྒྱས་གཏོང་བ་སོགས་ཚ་ཚ་འུར་འུར་གྱི་ལག་ལེན་ནང་སྔར་བས་ཧུར་ཐག་ཞུགས་པ་བཅས་བྱེད་དགོས་པ་དང་། དམག་དམངས་མཉམ་འདྲེས་ནུས་ཤུགས་ཡོད་རྒུས་གཏིང་ཟབ་ཏུ་གཏོང་བ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་གི“ཨང་དང་པོ་བསྟུད་མར་ཐེངས་དགུ་ཐོབ་ཐུབ་པར”བྱས་ཏེ། དམག་སྲིད་དམག་དམངས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།

སྟོབས་ཤུགས་གཅིག་ཏུ་སྒྲིལ་གྱིས་དམག་དཔུང་ནན་སྐྱོང་བྱེད་དགོས་པ་སྟེ། སྒྲིག་ཁྲིམས་ནན་དུ་གཏོང་བ་དང་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་དགོས་པ་དང་། སྒྲིག་ཁྲིམས་ལག་བསྟར་ཡག་པོ་བྱས་ཏེ་དམག་དཔུང་གི་ཆབ་སྲིད་འབྱུང་ཁམས་རྒྱུན་ཆད་མེད་པར་བཟང་དུ་བཏང་ནས་མི་དམངས་དམག་དཔུང་ཐོག་མཐའ་བར་གསུམ་དུ་དྭངས་གཙང་ལྷད་མེད་དང་གཟི་བརྗིད་ལྡན་པའི་འགན་ལེན་བྱེད་དགོས།

ཤའོ་ཡིའུ་ཚའེ་ཡིས་ནན་གསུངས་གནང་དོན། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱ་རྒྱུ་ནི་ས་གནས་ཏང་ཨུད་དང་སྲིད་གཞུང་གིས་སྒྲུབ་དགོས་པའི་འགན་འཁྲི་ཞིག་རེད། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྔར་བཞིན་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་གི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ། འཐབ་ཕྱོགས་དང་པོའི་དགོས་མཁོ་ཡོད་དོ་ཅོག་ནུས་ཤུགས་ཡོད་རྒུས་འགན་ལེན་ཡག་པོ་བྱེད་པ་དང་། སེམས་ཤུགས་ཡོད་རྒུས་འབྲེལ་ཡོད་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་རྒྱ་ཆེའི་དཔོན་དམག་ཚོའི་སེམས་ཁྲལ་ཐག་གཅོད་ཏན་ཏིག་བྱེད་དགོས།

ལྷ་སའི་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཆབ་སྲིད་ཨུ་ཡོན་ཧོང་རུང་ཅན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལྷ་སའི་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་དམག་སྤྱི་དབྱིན་ཡུན་ཅེ་ཚོགས་འདུར་ཞུགས་ཡོད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-03 6 6 拉萨日报藏文 c185707.html 1 /enpproperty-->