(པར་ངོས་དང་པོར་མཐུད)ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ཆེད་དུ་རང་ནུས་གང་ཡོད་འདོན་རྒྱུ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་དུ་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་གསུངས་གནང་ཡོད།
ཉེ་རབས་ཚུན་དུ། ཉིང་པོ་བ་འབོར་ཆེན་ཞིག་ཉིང་པོ་ནས་རྡོག་ཐོན་བྱས་ཏེ་བཟོ་ལས་ལ་མཐོང་ཆེན་དང་ཚོང་ལས་དར་རྒྱས་བཏང་བས། མེས་རྒྱལ་སེམས་སུ་འཆང་ཞིང་ཕྱོགས་བཞི་མཚམས་བརྒྱད་དུ་ཁྱབ་པའི་ཚོང་པའི་མི་ཚོགས་ཤིག་རིམ་བཞིན་གྲུབ་པ་དང་། སྔ་རྗེས་སུ་པའོ་ཡུས་ཀང་དང་ཧྲའོ་དབྱི་ཧྥུ་སོགས་རྒྱལ་གཅེས་ཡུལ་གཅེས་ཀྱི་གྲགས་ཅན་མི་སྣ་ཐོན་ནས། མེས་རྒྱལ་དང་ཕ་ཡུལ་གྱི་འཛུགས་སྐྲུན་ཆེད་དུ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པས། “ཉིང་པོ་ཚོགས་ཁག”ཅེས་བརྗོད་ཀྱི་ཡོད། 1984ལོར། བློ་མཐུན་ཏེང་ཞའོ་ཕིང་གིས་འཛམ་གླིང་ཡོངས་ཀྱི“ཉིང་པོ་ཚོགས་ཁག”ཚང་མ་སྐུལ་སློང་བྱས་ཏེ་ཉིང་པོ་འཛུགས་སྐྲུན་བྱེད་དགོས་ཞེས་མཛུབ་སྟོན་གནང་ཡོད། ཞི་ཅིན་ཕིང་ཀྲེ་ཅང་དུ་ཕྱག་ལས་གནང་རིང་། དེ་སྔ“ཉིང་པོ་ཚོགས་ཁག”གི་མི་སྣར་ཐུགས་ཁུར་ཐེངས་མང་གནང་མྱོང་བར་མ་ཟད་ཁོང་ཚོར་ཐུགས་རེ་ནན་པོ་བཅོལ་གནང་ཡོད། ཉེ་དུས། པའོ་ཕེ་ཆིང་དང་ཚའོ་ཆི་ཡུང་སོགས་ཤང་ཀང“ཉིང་པོ་ཚོགས་ཁག”གི་རྗེས་རབས་པས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། ཁོང་ཚོས་མེས་པོ་ཚོའི་ཕུལ་བྱུང་གི་སྲོལ་རྒྱུན་རྒྱུན་འཛིན་དང་འབད་བརྩོན་ཆེན་པོས་རྒྱལ་ཁབ་གོང་འཕེལ་ལ་ཞབས་འདེགས་ཞུ་བའི་གནས་ཚུལ་སྙན་སེང་ཞུས་ཡོད་པ་དང་། མུ་མཐུད་དེ་མེས་རྒྱལ་དེང་རབས་ཅན་འཛུགས་སྐྲུན་གྱི་ཆེད་དུ་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་ཆོད་སེམས་མཚོན་པར་བྱས་ཡོད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社