分享按钮

སྟོད་ལུང་བདེ་ཆེན་ཆུས་ཀྱིས་སེམས་པ་ཏང་ལ་ཕྱོཊ་ནས་མཉམ་དུ་རྒྱལ་སྲུང་སྲ་བརྟན་གཏོང་ཞེས་པའི་གཉིས་བཀུར་ལས་དོན་གྱི་རིག་རྩལ་མཉམ་འཁྲབ་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་སྔར་བས་དར་སྤེལ་གཏོང་ཆེད། ཉེ་ཆར། སྟོད་ལུང་བདེ་ཆེན་ཆུས་ཀྱིས་སེམས་པ་ཏང་ལ་ཕྱོགས་པ་དང་མཉམ་དུ་རྒྱལ་སྲུང་སྲ་བརྟན་གཏོང་ཞེས་པའི་གཉིས་བཀུར་གྱི་རིག་རྩལ་མཉམ་འཁྲབ་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོའི་ནང་ལྷ་མོ《བཀྲ་ཤིས་གནའ་དབྱངས》ཁྲོད་འཁྲབ་སྟོན་ཧྲིལ་པོ་འཁྲབ་འགོ་ཚུགས་པ་དང་།སྟོད་ལུང་བདེ་ཆེན་ཆུས་ནི་ལྷ་མོའི་འཁྲབ་གཞུང་གི་ཕ་ཡུལ་ཡིན་པས་ལོ་རྒྱུས་རིག་གནས་ཀྱི་ནང་དོན་མངོན་པར་བྱས་ཡོད། དེ་རྗེས《མེ་ཏོག་མཚར་བཞད་ཟླ་བ་ཉ་གང》དང《གོས་འཁྲུའི་གླུ་དབྱངས》སོགས་ངོ་མཚར་ཆེ་བའི་ལེ་ཚན་10ལྷག་ཙམ་རེས་མོས་ཀྱིས་འཁྲབ་སྟོན་བྱས་ཤིང་། རོལ་དབྱངས་མཉམ་དཀྲོལ་དང་། གར་གླུ། རྐྱང་གཞས་སོགས་རྣམ་པ་སྣ་ཚོགས་ཚུད་ནས་ཡུལ་དངོས་ཀྱི་རྣམ་པ་མཐོ་རླབས་སུ་འཕེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་ད་དུང་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཕུལ་བྱུང་དམག་ཞབས་ཐིམ་པའི་དམག་མིའི་འཐུས་མིར་དྲན་གསོའི་གཟེངས་བསྟོད་རྟཊ་མ་སྤྲད་པ་རེད། ད་ཐེངས་ཀྱི་རིག་རྩལ་མཉམ་འཁྲབ་ཀྱི་གཙོ་དོན་མངོན་གསལ་དོད་ལ་ངོ་མཚར་ཆེ་བས།དམག་དམངས་མཐུན་སྒྲིལ་དང་ཁྱིམ་ཚང་གཅིག་གི་མཛའ་བརྩེ་ཟབ་མོ་མངོན་པ་དང་། སྟོད་ལུང་བདེ་ཆེན་ཆུས་ཀྱི་གཉིས་བཀུར་ལས་དོན་གྱི་གྲུབ་འབྲས་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཡུན་རིང་པོའི་ནང་བཅའ་སྡོད་བྱ་ཡུལ་དཔུང་སྡེའི་དཔོན་དམག་རྣམས་ཕ་ཡུལ་དང་རྒྱང་ཐག་རིང་བས་སྟོད་ལུང་བདེ་ཆེན་ཆུས་སུ་གཞི་ཚུགས་ནས་མི་དམངས་ཕ་མར་བརྩིས་ཏེ་རྒྱལ་སྲུང་མཐའ་སྲུང་དང་། མི་དམངས་ལ་ཞབས་འདེཊ་ཞུ་བ། མི་དམངས་དམག་དཔུང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་བ་དང་དུས་མཚུངས་ས་གནས་འཛུཊ་སྐྲུན་ལ་རྒྱབ་སྐྱོར་དང་དེའི་ནང་ཧུར་ཐག་ཞུགས་པ་དང་སྟོད་ལུང་བདེ་ཆེན་ཆུས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། སླད་ཕྱིན་སྟོད་ལུང་བདེ་ཆེན་ཆུས་ཀྱིས་མུ་མཐུད་སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་གཉིས་བཀུར་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་། གཉིས་བཀུར་ལས་དོན་གྱི་ནང་དོན་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་རྒྱུ་དང་། བྱེད་སྒོའི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་རྒྱུ། གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་དམག་བཀུར་ཁྱིམ་སྐྱོང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་བཏང་ནས་དམག་གཅེས་དམག་བཀུར་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་གཏོད་རྒྱུ་རེད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-02 6 6 拉萨日报藏文 c185704.html 1 སྟོད་ལུང་བདེ་ཆེན་ཆུས་ཀྱིས་སེམས་པ་ཏང་ལ་ཕྱོཊ་ནས་མཉམ་དུ་རྒྱལ་སྲུང་སྲ་བརྟན་གཏོང་ཞེས་པའི་གཉིས་བཀུར་ལས་དོན་གྱི་རིག་རྩལ་མཉམ་འཁྲབ་བྱེད་སྒོ་སྤེལ་བ། /enpproperty-->