མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་དང་བོད་ལྗོངས་དངུལ་ཁང་གིས་མཉམ་འབྲེལ་
ཐོག་ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་ལ་སྔོན་འགོག་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་བཅའ་ཁྲིམས་ལས་དོན་ཚན་པས་བོད་ལྗོངས་དངུལ་ཁང་ཉེན་ཁ་དོ་དམ་པུའུ་དང་མཉམ་འབྲེལ་བྱས་ཏེ།དངུལ་ཁུག་ཡག་པོ་བསྲུངས་ནས་བདེ་སྐྱིད་ཁྱིམ་ཚང་ཡག་པོ་སྲུང་དགོས་ཞེས་པ་གཙོ་དོན་དུ་བྱས་ནས་རྫོང་རྒྱབ་ཀླུ་ཁང་དུ་ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་ལ་སྔོན་འགོག་བྱེད་པའི་ཆེད་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡོད་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་པས་མགོ་སྐོར་ཐེབས་སླ་བའི་མི་ཚོགས་དང་།དར་མ།རྒན་རྒོན་སོགས་ཉམས་ཞན་གྱི་ཚོགས་སྤྱིར་དམིགས་ནས《ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་ལ་སྔོན་འགོག་དང་ཐག་གཅོད་བྱེད་པའི་སྲོལ་ཡིག》དང་། ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་ལ་་རྒྱུན་མཐོང་བྱ་ཐབས་དང་སྔོན་འགོག་བྱ་ཐབས་སོགས་གཙོ་གནད་ཐོག་དྲིལ་བསྒྲགས་བྱས་པ་དང་དུས་མཚུངས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་པ་དང་། བཙོག་དངུལ་གཙང་སྒྱུར་ལ་ངོ་རྒོལ། བཅོལ་དངུལ་འགན་བཅོལ་སོགས་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇཊ་དང་འབྲེལ་བ་ཡོད་པའི་དངུལ་རྩའི་ཤེས་བྱ་དྲིལ་བསྒྲཊ་བྱས་པ་དང་།དྲིལ་བསྒྲཊ་ཤོག་བྱང་400དང་།དྲིལ་བསྒྲགས་དངོས་པོ་1000སྤྲད་པས། མི་600ལྷག་ཙམ་ལ་ཕན་པ་ཐོབ་ཡོད།སླད་ཕྱིན་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་རྩའི་ཤེས་བྱ་ཁྱབ་གདལ་དུ་གཏོང་བར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དང་། ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་ལ་གནོད་འཚེའི་རང་བཞིན་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཉེན་ཁ་སྔོན་འགོག་གི་འདུ་ཤེས་དང་ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་ལ་བཀག་འགོག་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ།ཐུན་མོང་ཐོག་བརྟན་ལྷིང་གི་དངུལ་རྩའི་སྒྲིག་ལམ་བསྐྲུན་ནས་སྤྱི་ཚོགས་ཞི་མཐུན་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社