分享按钮

2024ལོའི་རང་སྐྱོང་ལྗོངས་ཀྱི་གཞོན་སྐྱེས་མར་ཁེ་སི་རིང་ལུགས་པའི་གསོ་སྦྱོང་འཛིན་གྲྭ་གཉེར་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།གུང་གཞོན་སྡེ་ཚོཊ་ལྗོངས་ཨུ་ལྷན་དང་། ལྗོངས་དམངས་སྲིད་ཐིང་། ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་གཞོན་སྐྱེས་མར་ཁེ་སི་རིང་ལུཊ་པ་གསོ་སྐྱོང་གི་འདུ་འགོད་དུས་ཐེངས་24པའི་གྲོང་གསེབ་འཛིན་གྲྭ་དང་དུས་ཐེངས་25པའི་སྤྱི་ཚོཊ་རྩ་འཛུགས་འཛིན་གྲྭའི་གསོ་སྦྱོང་འཛིན་གྲྭ་གཉེར་འགོ་ཚུགས་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། གསོ་སྦྱོང་གི་དུས་ཡུན་ཉིན་7ཡིན་ཞིང་།རང་སྐྱོང་ལྗོངས་ཏང་གི་སློབ་གྲྭའི་དགེ་རྒན་གདན་འདྲེན་ཞུས་ནས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུཊ་ཀྱི་མ་ལག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་སོགས་ཀྱི་ནང་དོན་ལ་འགྲེལ་བཤད་རྒྱག་རྒྱུ་དང་། གསར་བརྗེའི་སློབ་གསོའི་རྟེན་གཞི་དང་། སྡེ་ཁུལ། ཐོན་ལས་གླིང་བཅས་སུ་བསྐྱོད་ནས་ཡུལ་དངོས་སུ་ལྟ་སྐོར་བྱས་པ་བརྒྱུད།སློབ་མ་རྣམས་ལ་ལག་ལེན་གྱི་ཁྲོད་དུ་སློབ་སྦྱོང་དང་།སློབ་སྦྱོང་ཁྲོད་དུ་ལག་ལེན་ཐུབ་པར་བྱས་ནས་ཤེས་སྦྱོར་གཅིག་མཐུན་ཡོང་བར་བྱ་རྒྱུ་ཡིན་པ་རེད།

ད་ཐེངས་ཀྱི་གསོ་སྦྱོང་ནང་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ངས་གསོ་སྦྱོང་ནང་སྦྱངས་པའི་ཤེས་བྱར་བརྟེན་ནས་མར་ཁེ་སི་རིང་ལུགས་ཀྱི་སྙིང་བཅུད་ལ་ཤེས་རྟོཊ་གཏིང་ཟབ་བྱེད་པ་དང་།ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་གཏོང་རྒྱུ་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱས་ཏེ། ལས་གནས་ཐོག་གཞི་ཚུགས་ནས་སྤྱི་ཚོགས་བཅོས་སྐྱོང་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རང་ཉིད་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བོད་ལྗོངས་བོད་སྨན་རིག་གནས་རྒྱུན་འཛིན་ཚན་རྩལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་སྐལ་བཟང་གཡང་འཛོམས་ཀྱིས་བཤད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་གཅིག་སྡུད་གསོ་སྦྱོང་མཇུག་འགྲིལ་རྗེས།གཞོན་སྐྱེས་མར་ཁེ་སི་རིང་ལུགས་པའི་སློབ་མ་ཚོས་ད་དུང་དྲ་ཐོག་རྣམ་པའི་ཐོག་ནས་མར་ཁེ་སིའི་རིང་ལུགས་ཀྱི་གསུང་རབ་བརྩམས་ཆོས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོཊ་རིང་ལུཊ་ཀྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ། ཏང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། ས་ཁུལ་གྱི་གནས་ཚུལ། དེ་བཞིན་དུས་བབ་སྲིད་ཇུས་སོགས་ཐད་ཀྱི་ནང་དོན་ལ་དམིགས་ནས་སློབ་ཚན་ཆུ་ཚོད་80ལས་མི་ཉུང་བའི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དང་། དུས་བཀག་ལྟར་སློབ་སྦྱོང་ལས་འགན་བསྒྲུབ་ཏུ་བཅུག་རྒྱུ་དང་།རིགས་པའི་གཞུང་ལུགས་ཀྱི་ཡིག་རྒྱུགས་སྒྲིག་འཛུགས་བྱ་རྒྱུ། ཐག་ཉེ་སར་དབུལ་སྐྱོར་གྱི་དཀའ་ངལ་སེལ་རོཊ་དང་། སློབ་སྐྱོར་རོགས་རམ། ཤེས་དཔལ་ལག་ལེན། ཁོར་ཡུག་སྲུང་སྐྱོང་། རྒྱུན་གཏན་སྦྱོང་བརྡར་སོགས་ཀྱི་བྱ་ཐབས་ནང་ཞུགས་ནས་སློབ་ཚན་ཆུ་ཚོད་40ལས་མི་ཉུང་བའི་ལག་ལེན་ལས་འགན་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་རེད།

(བྱང་ཆུབ་ཆོས་སྒྲོན་དང་ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-02 6 6 拉萨日报藏文 c185705.html 1 2024ལོའི་རང་སྐྱོང་ལྗོངས་ཀྱི་གཞོན་སྐྱེས་མར་ཁེ་སི་རིང་ལུགས་པའི་གསོ་སྦྱོང་འཛིན་གྲྭ་གཉེར་འགོ་ཚུགས་པ། /enpproperty-->