(པར་ངོས་དང་པོར་མཐུད)བྱེད་སྒོ་སྒྲིག་འཛུགས་ཞིབ་ཚཊ་བྱེད་དགོས་ཤིང་། སྟབས་བདེ་དང་། བདེ་འཇགས། ངོ་མཚར་ཆེ་བ་བཅས་ཀྱི་དམིགས་ཚད་ལ་གཞི་ཚུགས་ཏེ།རིག་གནས་དང་ཡུལ་སྐོར་ཕན་ཚུན་མཉམ་འདྲེས་དང་མང་ཚོགས་ཀྱིས་དགའ་པོ་བྱེད་པའི་དུས་ཆེན་གྱི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་བདེ་འཇགས་སྲུང་སྐྱོབ་ལས་དོན་ཞིབ་ཚགས་ཀྱིས་ཡག་པོ་བསྒྲུབས་ཐོག་ཞོ་སྟོན་དུས་ཆེན་བདེ་འཇགས་དང་། ཕུན་སུམ་ཚོགས་པ། མཛེས་སྡུག་ལྡན་པ་བཅས་ཡོང་བར་བྱེད་དགོས།
དུས་ཆེན་གྱི་ཕན་འབྲས་ལ་དོ་སྣང་བྱེད་དགོས་ཤིང་། ཞོ་སྟོན་ཡག་པོ་གཉེར་བ་དང་ཞོ་སྟོན་ཡག་པོ་སྤྱོད་པ་གཅིག་གྱུར་ཐོག་འཆར་འགོད་བྱས་ཏེ།བྱ་ཐབས་ནུས་ལྡན་སྤྱད་ནས་དུས་ཆེན་གྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་ཚོང་འགུགས་མ་འདྲེན་བྱས་ཐོག་དུས་ཆེན་གྱི་བྱེད་སྒོ་ལས་བྱུང་བའི་འཁོར་རྒྱུག་དེ་འཛད་སྤྱོད་ཀྱི་ནུས་ཚད་དང་དཔལ་འབྱོར་གྱི་འཕར་ཚད་སུ་བསྒྱུར་བར་བྱེད་དགོས།
ཞབས་ཞུ་འགན་སྲུང་ཡག་པོ་ཡོང་བར་བྱེད་དགོས་ཤིང་། གཉེན་ཉེའི་བརྩེ་སེམས་དང་དྲོ་སྐྱིད་ལྡན་པའི་ཞབས་ཞུའི་འདུ་ཤེས་བརྟན་པོ་བཙུགས་པ་དང་ཞབས་ཞུའི་འགན་ལེན་གྱི་ལས་དོན་ཁག་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཏེ།ཞོ་སྟོན་རིང་གི་བྱེད་སྒོ་ཁག་ཡག་པོ་གཉེར་བ་དང་མང་ཚོཊ་ཀྱི་བསྔགས་བརྗོད་ཐོབ་པར་བྱེད་དགོས།
གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་། འཇམ་དབྱངས་བློ་གྲོས། ལིན་ཡུང་། ཝང་ཧུའེ། ཞུས་ཧའེ། ཀྲང་ཁྲུན་དབྱང་། སྐལ་བཟང་ཚེ་བརྟན་བཅས་ཚོགས་འདུར་ཞུགས་ཡོད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社