(པར་ངོས་དང་པོར་མཐུད)དྲང་འཁྱོངས་གསར་གཏོད། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱ་དགོས།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་ཚེས་31ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཚའེ་ཆི་ཚོཊ་འདུར་ཞུགས་ནས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲཊ་དང་སློབ་སྦྱོང་བྱས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚའི་ཆིས་གསུངས་དོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་གོང་མཐོར་བཏང་སྟེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སྡེབ་གཅིག་ཏུ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པར་གོ་བ་གཏིང་ཟབ་ལེན་པ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ཀྱི་ཕུན་སུམ་ཚོགས་པའི་ནང་དོན་ཁོང་དུ་གཏིང་ཟབ་ཆུད་པར་བཅས་བྱས་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་དགོས། འགན་འཁྲི་དང་ལས་འགན་ལག་ལེན་བསྟར་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་འཛིན་བརྟན་པོ་དང་། བྱེད་པོའི་འགན་འཁྲི་གཙོ་བོ་ཆེ་རུ་གཏོང་བ། སྒྱུར་བཅོས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ཚན་རིག་དང་མཐུན་པའི་བྱེད་ཐབས་མཐའ་འཁྱོངས་བྱེད་པ། རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་དང་ལས་བྱེད་པ་བཅས་ཀྱིས་སྒྱུར་བཅོས་ལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱེད་པ། འགན་འཁྲི་ཁུར་སེམས་ཆེན་པོ་བཅས་ཀྱི་ཐོག་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དོན་འཁྱོལ་ཡག་པོ་བྱེད་དགོས། ཚའེ་ཆིས་ཉེ་བའི་ལོ་ཤས་རིང་།ཚན་པ་ཁག་གིས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་སྟངས་དང་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁོང་གིས་ནན་གསུངས་གནང་དོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན། ལས་བྱེད་པ་བཅས་ཀྱིས་ཆབ་སྲིད་ཀྱི་བློ་དཀར་སེམས་དཀར་བྱེད་པའི་ཐད་ཤུགས་སྣོན་རྒྱག་པ་དང་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་དགོས།གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། འདུ་ཤེས་བཞི་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། འདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཀྱི་རུ་སྟར་དང་པོ་ཡག་པོ་བསྐྱོད་པ་དང་ལག་ལེན་བསྟར་བ་བཅས་བྱེད་དགོས། འགན་འཁྲི་དང་ངེས་གནས་དམ་པོར་དམིགས་ནས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་གཏིང་ཟབ་ཏུ་སྤྲོས་པ་དང་། སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་གཏོད་པ། སློབ་སྦྱོང་ལ་བརྟེན་ནས་བློ་རིག་འཕེལ་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ན་གཞོན་ལས་བྱེད་པར་སློབ་གསོ་དང་སྣེ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས། ཞན་ཆ་ཁ་གསབ་དང་། ཞན་ཆ་སྟོབས་ཆེར་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བ། ནུས་པ་ཆེ་རུ་གཏོང་བ་བཅས་མཉམ་དུ་མཐའ་འཁྱོངས་བྱས་ཏེ་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་དགོས་པ། རྒྱུན་མཐུད་ངང་སྤྱོད་ཚུལ་དྲང་འཁྱོངས་དང་། སྒྲིག་ཁྲིམས་ནན་ཏུ་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པ་བཅས་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་སྔོན་འགོག་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་རྒྱུན་ལྡན་རང་བཞིན་དང་གཅིག་སྡུད་རང་བཞིན་ཟུང་འབྲེལ་བྱེད་པའི་སྒྲིག་ཁྲིམས་སློབ་གསོའི་ལམ་སྲོལ་འཛུགས་དགོས་པ།ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། ལམ་ལུགས་ཀྱི་གཅུན་སྡོམ་ནན་པོ་སྔར་བས་ཇེ་དྲག་ཏུ་བཏང་སྟེ། ཏང་འཛུགས་སྐྱོང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་བརྟེན་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགྱུར་མེད་སྟོབས་ལྡན་གྱི་འགན་ལེན་བྱེད་དགོས།
ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་ལས་ཁུངས་དང་། ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུགས་པུའུ། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ཚན་རྩལ་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད་སྤེལ་རེས་གནང་བ་རེད།
ཅང་ཤིན་ཀྲི་ཚོགས་འདུར་ཞུགས་ཡོད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་ཏང་ཙུའུ(ཏང་ཨུད་)ཡི་ཧྲུའུ་ཅི་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་ཁག་གི་ལས་ཁུངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社