分享按钮

གྲོང་ཁྱེར་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་པ།

(པར་ངོས་དང་པོར་མཐུད)མཐུན་སྦྱོར་མཉམ་འགུལ་བཅས་བྱས་ནས་ལས་ཀའི་མཉམ་ཤུགས་ཆགས་པར་བྱས་ཏེ།ཆ་འཕྲིན་གཅིག་མཚུངས་དང་ནོར་འཁྲུལ་སྤུ་ཙམ་ཡང་མེད་པར་འགན་ལེན་ཏན་ཏིག་བྱེད་པ་དང་།གྲོང་ཁྱེར་གྱི་འཁོར་སྐྱོད་བདེ་འཇགས་དང་ནུས་ལྡན་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས།བདེ་འཇགས་འགན་ལེན་བྱེད་དགོས་ཤིང་།བདེ་འཇགས་ནི་བྱེད་སྒོ་ཁག་བདེ་བླག་ངང་གཉེར་བའི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་ཡིན།བྱེད་སྒོ་ཁག་གི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་དང་།འགན་འཁྲིའི་འབྲེལ་ཐག་དམ་དུ་གཏོང་བ།བདེ་འཇགས་ཀྱི་དམར་ཐིག་དང་མཚམས་ཐིག་སྲུང་བ།སྡོད་བྱའི་ལྟ་སྲུང་ལ་ཤུགས་སྣོན་རྒྱག་པ།དུས་ཐོག་ཏུ་ཐོལ་བྱུང་དོན་རྐྱེན་སྙན་སེང་ཞུ་བ་དང་ཐག་གཅོད་བཅས་བྱས་ནས་མང་ཚོགས་དུས་ཆེན་ལ་རོལ་བ་དང་ལས་བྱེད་པ་འགག་སྒོ་ལས་སྒྲོལ་ཐུབ་པར་བྱེད་དགོས།ཚོང་ལས་དང་འཁྲབ་སྟོན་གཅིག་གྱུར་འཆར་འགོད་བྱས་ཏེ་ཚོང་ལས་དང་འཁྲབ་སྟོན་སྣ་ཚོགས་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་རྒྱབ་སྐྱོར་བྱས་ཏེ་ལྷ་སའི་ཚོང་ལས་ཅན་གྱི་རྣམ་པ་དང་ཁྲོམ་ར་སྐྱེད་སྲིང་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་།འཛད་སྤྱོད་ཀྱི་བར་མཐོངས་གསར་པ་རྒྱ་ཆེར་བཏང་ནས་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་དེ་བས་ལེགས་པ་སྐོང་ཐུབ་པར་བྱེད་དགོས།དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ་གསར་འགྱུར་སྨྱན་སྦྱོར་གྱིས་འབྲེལ་ཡོད་བྱེད་སྒོ་དུས་ཐོག་ཏུ་དྲིལ་བསྒྲགས་དང་སྤེལ་གཏོང་བྱས་ནས་དུས་ཆེན་གྱི་རྣམ་པ་བཟང་པོ་བཏོད་དེ་གྲོང་མི་དང་ཡུལ་སྐོར་བ་དེ་བས་མང་བ་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་དགོས།སྤྱོད་གཙང་སྤེལ་ཤུགས་ཆེ་རུ་བཏང་ནས་དགོས་ངེས་ཀྱི་འགན་སྲུང་ཡག་པོ་བྱེད་པ་དང་དུས་མཚུངས།སྤྱི་ཚོགས་ལས་རིགས་ཁག་གི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱས་ཏེ་འབྲེལ་ཡོད་བརྒྱུད་རིམ་ཚད་ལྡན་ཏན་ཏིག་བྱེད་པ།དངོས་སྒྲུབ་དང་།གྲོན་ཆུང་།ལས་ཆོད་ཆེ་བ་བཅས་ཀྱི་སྒོ་ནས་བྱེད་སྒོ་སྤེལ་བ།ལྷུ་ཚིགས་ཁག་ལ་དོ་དམ་ཞིབ་ཚགས་བཅས་བྱེད་དགོས་པའི་ནན་སྟོན་བྱས་ཡོད།

གྲོང་ཁྱེར་གྱི་འགོ་ཁྲིད་ཁྲེན་ཅིང་དང་ཕན་ཝུན་ཆིང་ཚོགས་འདུར་ཞུགས་པ་རེད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-02 6 6 拉萨日报藏文 c185700.html 1 གྲོང་ཁྱེར་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་པ། /enpproperty-->