分享按钮

ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊ་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བའི་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་31ཉིན་གྱི་ཕྱི་དྲོར། ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བའི་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ་རེད།

སྙན་ཞུའི་ཚོགས་འདུའི་ཐོག ཕེང་ཧྥེ་ཡུའེ་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དམིགས་ཚད་དང་ལས་འགན་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་སོགས་ཀྱི་ཐད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་དང་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་རེད། ཚོགས་ཞུགས་མི་སྣས་སྒྲོག་འགྲེལ་གྱི་སྙན་ཞུའི་གཙོ་དོན་མངོན་གསལ་དོད་པ་དང་། ནང་དོན་ཕུན་སུམ་ཚོགས་པ། དོན་དངོས་དང་ཟུང་འབྲེལ། གོ་སླ་བ་བཅས་ཡིན་པས་ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་། ཕུན་སུམ་ཚོགས་པའི་ནང་དོན། དགོངས་དོན་གྱི་ངོ་བོ་བཅས་ལ་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་སྔར་བས་རོགས་རམ་ཐུབ་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་མཐོ་གསར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་ངེས་རེད་ཅེས་མགྲིན་གཅིག་ཏུ་བཤད་པ་རེད།

ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྲོང་དོན་གྲོང་རྣམ་དོ་དམ་ཅུས་ཀྱི་རིམ་བཞིའི་ཁོའོ་ཡོན་ཀྲུའུ་རེན་སུའུ་ཡན་ཅུན་གྱིས་ཕྱིས་འབྱུང་ང་ཚོས་གྲོང་ཁྱེར་ལ་ཞིབ་ཚགས་ཅན་གྱི་དོ་དམ་ཡག་པོ་བྱས་ནས་གྲོང་ཁྱེར་གྱི་སྔོ་འགྱུར་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་རྒྱུ་དང་། ཆུ་སྲུང་འཛིན་ལེགས་པའི་གྲོང་ཁྱེར་འཛུགས་སྐྲུན་མགྱོགས་སུ་གཏོང་བ། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དོན་འཁྱོལ་ཐུབ་པར་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-02 6 6 拉萨日报藏文 c185697.html 1 ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊ་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བའི་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ། /enpproperty-->