分享按钮

གྲོང་ཁྱེར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱིས་བརྒྱད་གཅིག་དམག་འཛུགས་དུས་ཆེན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་2024ལོའི་བརྒྱད་གཅིག་དམག་འཛུགས་དུས་ཆེན་གྱི་དམག་ཞབས་ཐིམ་པའི་དམག་མི་དང་དེ་བཞིན་གཟིགས་སྐྱོང་བྱ་ཡུལ་གཞན་དག་ལ་འཚམས་འདྲི་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། རང་གྲོང་གི་ཁོངས་གཏོགས་གསུམ་དང་། དམག་ཁོངས་ནས་བསྒྱུར་བའི་རང་བརྟེན་ལས་འདེམས་ལས་བྱེད་པ། དམག་ཁོངས་ནས་རྒན་ཡོལ་ཞུས་པའི་ལས་བྱེད་པ། ཁེ་ལས་ཀྱི་དམག་ཁོངས་ནས་བསྒྱུར་བའི་ལས་བྱེད་པ། རྨས་མ་དང་དབང་སྐྱོན་དམག་མི། དཀའ་ངལ་ཡོད་པའི་དམག་ཞབས་ཐིམ་པའི་དམག་མི། དམག་ཁོངས་མིན་པའི་རྒན་ཡོན་ཞུས་པའི་འཐུས་མི། དེ་བཞིན་གྲོང་ཁྱེར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་བཅས་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུའི་ཐོག་གྲོང་ཁྱེར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཚོགས་ཞུགས་མི་སྣར་ཁ་བཏགས་གཡོགས་པ་དང་དུས་ཆེན་གྱི་སྨོན་འདུན་ཞུས་པར་མ་ཟད། ཏང་དང་སྲིད་གཞུང་གིས་རྒྱ་ཆེའི་དམག་ཞབས་ཐིམ་པའི་དམག་མི་དང་གཙོ་གནད་གཟིགས་སྐྱོང་བྱ་ཡུལ་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་ལུཊ་ཁོང་ཚོའི་སེམས་དབུས་དུ་བསྐྱལ་ནས་ཚང་མར་ཏང་དང་སྲིད་གཞུང་གི་དམིགས་བསལ་ཐུགས་ཁུར་ཚོར་ཐུབ་པ་བྱུང་ཡོད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-02 6 6 拉萨日报藏文 c185696.html 1 གྲོང་ཁྱེར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱིས་བརྒྱད་གཅིག་དམག་འཛུགས་དུས་ཆེན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ། /enpproperty-->