ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དམག་སྟོབས་རྩལ་ལྡན་གྱི་དམར་དམག་བརྒྱ་ཤོག་བཞི་པའི་དཔོན་དམག་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་བྱམས་བརྩེའི་སྐུལ་ལྕག་གནང་བ་དང་འབྲེལ་བརྒྱད་གཅིག་དམག་འཛུགས་དུས་ཆེན་གྱི་འཚམས་འདྲི་ཡང་ཞུས་གནང་བ་རེད།
ཞི་ཅིན་ཕིང་གིས་འཕྲིན་ལན་ནང་2014ལོར་རང་ཉིད་ཆེད་མངགས་བརྒྱ་ཤོག་རུ་ཁག་ལ་བརྟག་ཞིབ་བྱེད་པར་སླེབས་ཡོད། ལོ་10ཡི་རིང་ཁྱེད་ཚོས་གསར་བརྗེའི་སྙིང་སྟོབས་རྒྱུན་མཐུད་དང་། དམག་དཔུང་སྟོབས་ལྡན་དང་དྲག་རྩལ་སྤུས་ལེགས་སྦྱོང་རྒྱུའི་སེམས་ཐག་བཅད་པ། བདེ་བླག་ངང་ཕྱོགས་སྒྱུར་འཕེལ་རྒྱས་མངོན་འགྱུར་བྱུང་བ། ཁུར་བའི་ལས་འགན་གཟེངས་སུ་ཐོན་པ་བཅས་བྱས་ནས་གྲུབ་འབྲས་གསར་པ་མི་ཉུང་བ་ཞིག་ཐོབ་ཡོད་པས་ང་ཧ་ཅང་དགའ་པོ་བྱུང་། ཁྱེད་ཚོ་དམག་གྲབས་དང་དམག་རྒྱག་པའི་འཐབ་ས་མདུན་མར་གནས་པས་འགན་འཁྲི་ལྕི་ཞིང་འོས་འགན་གཟི་བརྗིད་ལྡན་པ་ཞིག་ཡིན། ཁྱེད་ཚོས་དམག་ཨུད་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་དང་། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློར་བརྟེན་ནས་བརྒྱ་ཤོག་འཛུགས་པ་དང་མི་སྣ་གསོ་སྐྱོང་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། ལས་འགན་ལ་དམ་འཛིན་ལྷོད་མེད་བྱས་ནས་དངོས་འཐབ་ཅན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ནུས་ཤུགས་ཆེ་བ་དང་དམག་འཐབ་བྱེད་ཕོད་ལ་རྒྱལ་ཁ་ཐོབ་ངེས་ཡིན་པའི་བརྒྱ་ཤོག་ལེགས་པོ་འཛུགས་སྐྱོང་ཧུར་ཐག་བྱས་ནས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཐོག་གྲུབ་འབྲས་བཟང་པོ་སླར་ཡང་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
དམག་དཔུང་སྟོབས་ལྡན་དང་དྲག་རྩལ་ལེགས་པའི་དམར་དམག་བརྒྱ་ཤོག་བཞི་པ་ནི་ལོ་རྒྱུས་ཟབ་མོ་དང་བྱས་རྗེས་གཟེངས་སུ་ཐོན་པའི་དམར་དམག་བརྒྱ་ཤོག་ཅིག་ཡིན་ཞིང་། སྔ་རྗེས་སུ་ཧོང་མ་འོས་ལངས་དང་། དབྱང་མིང་པའོ་མཚན་མོའི་འཇབ་རྒོལ་དམག་འཐབ། མེང་ལིང་ཀུའུ་གཡུལ་འགྱེད། ཁྲང་ཅིན་མཚེའུ་གཡུལ་འགྱེད་སོགས་གཡུལ་འགྱེད་ཐེངས་100ལྷག་ཙམ་ནང་ཞུགས་པ་དང་དཔའ་བོ་དཔེ་བཟང་ཁག་གཅིག་ཐོན་ཡོད། 2014ལོའི་ཟླ་7པར་ཞི་ཅིན་ཕིང་བརྒྱ་ཤོག་ཏུ་གཟིགས་ཞིབ་གནང་བར་ཕེབས་ནས་དཔོན་དམག་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་རེད། ལོ་10ཡི་རིང་བརྒྱ་ཤོག་དེས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློའི་མཛུབ་ཁྲིད་འོག་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社