分享按钮

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་དྲུག་པའི་ཐོག

འགན་འཁྲི་འཁུར་ཤུགས་ཆེར་གཏོང་དང་།བསམ་ཕྱོགས་དང་བྱེད་ཐབས་གསར་གཏོད།ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་སྟོབས་ཆེ་བ་དང་སྲ་ཞིང་བརྟན་པའི་དེང་རབས་མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་ཧུར་བརྩོན་ཆེན་པོས་བྱེད་དགོས་པའི་ནན་གསུངས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་31ཉིན་གློག་འཕྲིན་འབྱོར་གསལ།ཟླ་7ཚེས་30ཉིན་གྱི་ཕྱི་དྲོར།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དེང་རབས་ཀྱི་མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་ལ་སྐུལ་འདེད་གཏོང་རྒྱུའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་དྲུག་པ་བྱས་པ་རེད།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གལ་ཆེན་གནང་ནས་དེང་རབས་ཀྱི་མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་ལ་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་ནང་གནས་བླང་བྱ་དང་།ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱེད་པའི་དགོས་ངེས་ཀྱི་དོན་སྙིང་ཞིག་ཡིན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱེད་པ་མཐའ་འཁྱོངས་དང་།རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་དང་དམག་དོན་འཐབ་ཇུས་ཀྱི་ཁྱོན་ཡོངས་ལ་གཞི་ཚུགས་པ།རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་འཆར་འགོད།མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་གི་གནས་ཚུལ་གསར་པ་དང་ཁྱད་ཆོས་གསར་པ་དང་བླང་བྱ་གསར་པ་ཁོང་དུ་ཆུད་པ།ལས་འགན་འཁུར་ཤུགས་ཆེ་རུ་གཏོང་བ།བསམ་ཕྱོགས་དང་བྱེད་ཐབས་གསར་གཏོད།ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ནས་སྟོབས་ཆེ་བ་དང་སྲ་ཞིང་བརྟན་པའི་དེང་རབས་མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་ཧུར་བརྩོན་ཆེན་པོས་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

ཐེངས་འདིའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་དེ་བརྒྱད་གཅིག་དམག་འཛུགས་དུས་ཆེན་གྱི་སྔ་ནུབ་ཏུ་འཚོགས་པ་རེད།ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན།ཡུལ་དམག་གི་གྲ་སྒྲིག་དམག་ཞབས་པ་བཅས་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་གནང་བ་རེད།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-02 འགན་འཁྲི་འཁུར་ཤུགས་ཆེར་གཏོང་དང་།བསམ་ཕྱོགས་དང་བྱེད་ཐབས་གསར་གཏོད།ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་སྟོབས་ཆེ་བ་དང་སྲ་ཞིང་བརྟན་པའི་དེང་རབས་མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་ཧུར་བརྩོན་ཆེན་པོས་བྱེད་དགོས་པའི་ནན་གསུངས་གནང་བ། 6 6 拉萨日报藏文 c185692.html 1 ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་དྲུག་པའི་ཐོག /enpproperty-->