分享按钮

གྲོང་ཨུད་ཀྱིས་ཆེད་དོན་ཚོཊ་འདུ་འཚོཊ་ནས་ཞོ་སྟོན་གྱི་ཞབས་ཞུ་འགན་ལེན་ལས་དོན་བཀོད་སྒྲིག་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་31ཉིན་གྱི་སྔ་དྲོར།གྲོང་ཨུད་ཀྱིས་ཆེད་དོན་ཚོགས་འདུ་འཚོགས་ནས་ཞོ་སྟོན་གྱི་ཞབས་ཞུ་འགན་ལེན་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་ནན་གསུངས་གནང་དོན།གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་གཏོང་བ་དང་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱས་ཏེ།མང་ཚོགས་ཀྱིས་དུས་ཆེན་གཏོང་བ་དང་ལས་བྱེད་པས་འགག་སྒོ་སྒྲོལ་བའི་བསམ་བློ་བརྟན་པོར་བཙུགས་ནས་ནུས་ཤུགས་ཡོད་རྒུས་ཞོ་སྟོན་གྱི་ཞབས་ཞུ་འགན་ལེན་ལས་དོན་ལ་དམ་འཛིན་ཞིབ་ཕྲ་དང་། ནན་པོ། ཏན་ཏན་བཅས་བྱས་ཐོག་བརྟན་ལྷིང་དང་། འཆམ་མཐུན། བཀྲ་ཤིས་པ་བཅས་ཀྱི་དུས་ཆེན་གྱི་རྣམ་པ་ཧུར་ཐག་གཏོད་དགོས།

སྤྱི་ཚོགས་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་དགོས་ཤིང་། སྤྱི་ཚོགས་བརྟན་ལྷིང་དང་། ཐོན་སྐྱེད་བདེ་འཇགས། འབྲུབ་འགོག་གེགས་སེལ་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་འབྲེལ་ཡོད་མཛུབ་སྟོན་གྱི་བླང་བྱ་གཞིར་བཟུང་། ཁོངས་གཏོགས་ཀྱི་འགན་འཁྲི་དོན་འཁྱོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་ཐབས་ཞིབ་ཕྲ་བཟོས་ཏེ།ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་དོགས་ཟོན་ནུས་ལྡན་བྱས་ནས་ནོར་འཁྲུལ་གཅིག་ཀྱང་མི་ཐོན་པའི་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས།

གཙོ་གནད་ལས་དོན་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་དགོས་ཤིང་། གྲོང་ཁྱེར་ཏང་ཨུད་ཀྱིས་མངགས་གཏོང་བྱས་པའི་ཆེད་དོན་ལས་དོན་ཚོགས་ཆུང་11གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་བསྒྲགས་སྒྲོག་འགྲེལ་དང་། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་། དུས་ཚིགས་གསུམ་པའི་དཔལ་འབྱོར་འཕེལ་རྒྱས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པ། འབྲུབ་འགོག་གེགས་སེལ་བཅས་ཀྱི་ལས་འགན་དྲུག་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས། མང་ཚོགས་ཐག་ཉེ་སར་དུས་ཆེན་གཏོང་རྒྱུར་ཁྲིད་སྟོན་བྱས་ནས་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བར་བྱེད་དགོས།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-02 6 6 拉萨日报藏文 c185690.html 1 གྲོང་ཨུད་ཀྱིས་ཆེད་དོན་ཚོཊ་འདུ་འཚོཊ་ནས་ཞོ་སྟོན་གྱི་ཞབས་ཞུ་འགན་ལེན་ལས་དོན་བཀོད་སྒྲིག་བྱས་པ། /enpproperty-->