分享按钮

གྲོང་ཁྱེར་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་པ།

ཞོ་སྟོན་རིང་གི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཞོ་སྟོན་འཆར་ཉེར་ཡོད་པའི་སྐབས་ཏེ་ཟླ་7ཚེས་31ཉིན།ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་ཆེད་དོན་ཚོཊ་འདུ་གཙོ་སྐྱོང་གནང་ནས་ཞོ་སྟོན་རིང་གཉེར་རྒྱུའི་བྱེད་སྒོ་ཁག་གི་གྲ་སྒྲིག་གནས་ཚུལ་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་ཞིབ་ཕྲ་གནང་བ་རེད།

ཚོགས་འདུའི་ཐོག་ཞོ་སྟོན་དར་ནས་ཡུན་རིང་སོང་བ་དང་།དེ་ནི་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཡུན་རིང་ཐོན་སྐྱེད་དང་འཚོ་བའི་ཁྲོད་རང་འགུལ་ངང་ཆགས་པའི་དམངས་ཁྲོད་ཀྱི་དུས་ཆེན་ཞིག་ཡིན་པས།ཞོ་སྟོན་རིང་སྤེལ་རྒྱུའི་བྱེད་སྒོ་ཁག་ལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ཞབས་ཞུ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས།རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བས་བདེ་འཇགས་དང་འཆམ་མཐུན་གྱི་ཞོ་སྟོན་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད།

ཚོགས་འདུའི་ཐོག་མིང་འདོགས་རྒྱུ་ཚད་ལྡན་དུ་གཏོང་དགོས་པ་སྟེ།ཞོ་སྟོན་ནི་ལྷ་སའི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་པར་མ་ཟད།བོད་ཀྱི་དམངས་སྲོལ་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པའི་སྐར་ཁུང་གལ་ཆེན་ཞིག་ཀྱང་ཡིན།འབྲེལ་ཡོད་བྱེད་སྒོ་སྒྲིག་འཛུགས་དང་གཉེར་བའི་མིང་འདོགས་སྐབས་ལོ་རྒྱུས་ལ་བརྩི་འཇོག་དང་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུས་ནས་བྱེད་སྒོའི་མིང་གནད་ལ་འཁེལ་བ་དང་ཆེད་ལས་རང་བཞིན་འགན་ལེན་བྱེད་དགོས་པ་དང་།སྒྲིག་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ་ཡོད་བྱེད་སྒོ་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་བྱེད་སྒོའི་ཇུས་གཞི་དང་འཕྲལ་སྡོམ་སྔོན་ཇུས་ཞིབ་ཕྲ་བཟོ་བ།སྔར་བཞིན་སྲོལ་རྒྱུན་གྱི་བྱེད་སྒོ་ཡག་པོ་སྤེལ་བ།གསར་གཏོད་བྱེད་སྒོར་ཇུས་འགོད་དང་སྐུལ་འདེད་ནན་ཏན་བཅས་བྱས་ནས་བྱེད་སྒོར་ཕན་འབྲས་དངོས་ཐོབ་པ་དང་སྔོན་དཔག་གི་དམིགས་ཡུལ་འགྲུབ་པར་འགན་ལེན་ཏན་ཏིག་བྱེད་དགོས།འགན་སྲུང་བྱེད་ཤུགས་ཆེར་གཏོང་དང་།ཁོངས་གཏོཊ་ས་ཁོངས་ཀྱི་འགན་འཁྲི་དང་ལས་རིཊ་ཀྱི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དམ་དུ་གཏོང་བ།འབྲེལ་གཏུཊ་དང་འབྲེལ་མཐུད་ལ་ཤུཊ་སྣོན་རྒྱག་པ་དང་།གཞོགས་འདེགས་དམ་ཟབ་བྱེད་པ

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-02 ཞོ་སྟོན་རིང་གི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་གནང་བ། 6 6 拉萨日报藏文 c185689.html 1 གྲོང་ཁྱེར་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་པ། /enpproperty-->