分享按钮

གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་སྟག་རྩེ་ཆུས་སུ་བརྟག་ཞིབ་མཛུབ་ཁྲིད་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སྒྲོག་འགྲེལ་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་7ཚེས་28ནས་ཚེས་29ཉིན་བར།གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་འཇམ་དབྱངས་བློ་གྲོས་སྟག་རྩེ་ཆུས་སུ་བསྐྱོད་དེ་ཡུལ་དངོས་སུ་བརྟག་ཞིབ་མཛུབ་ཁྲིད་གནང་བ་དང་འབྲེལ།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊ་ཐེངས་གསུམ་པའི་དགོངས་དོན་ལ་སྒྲོག་འགྲེལ་ཡང་གནང་བ་རེད།

འཇམ་དབྱངས་བློ་གྲོས་དང་བཅས་པ་སྔ་རྗེས་སུ་སྟག་རྩེ་ཆུས་ཐང་དཀར་ཤང་དང་།ཞོག་ཤང་།བདེ་ཆེན་གྲོང་རྡལ་པད་ནག་གྲོང་ཚོ་བཅས་སུ་བསྐྱོད་དེ་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སྒྲོག་འགྲེལ་གནང་བ་དང་འབྲེལ།ཡུལ་དངོས་སུ་ལྟ་ཞིབ་དང་སྙན་ཞུ་གསན་པ་སོགས་ཀྱི་བྱ་ཐབས་བརྒྱུད་བརྟག་ཞིབ་ཀྱང་གནང་བ་རེད།

ཐང་དཀར་ཤང་དུ་འཇམ་དབྱངས་བློ་གྲོས་ཀྱིས་གྲོང་ཚོ་ཁག་གི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཚུལ་སྐོར་གསན་པ་དང་འབྲེལ།ཡུལ་དངོས་སུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཚུལ་དང་།འགལ་བ་དང་རྩོད་གཞི་གྲལ་བཤེར་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཀྱང་གནང་བ་རེད།དུས་མཚུངས་སུ་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སྒྲོག་འགྲེལ་གནང་བ་རེད།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-02 6 6 拉萨日报藏文 c185688.html 1 གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་སྟག་རྩེ་ཆུས་སུ་བརྟག་ཞིབ་མཛུབ་ཁྲིད་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སྒྲོག་འགྲེལ་གནང་བ། /enpproperty-->