分享按钮

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་པ།

(པར་ངོས་དང་པོར་མཐུད)ཏང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྱུར་བཅོས་ཀྱི་བླང་བྱ་གསལ་པོར་ཤེས་པ། ལག་བསྟར་ཇུས་གཞི་ཡག་པོ་སྒྲུབ་པ། ལྟ་སྐུལ་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

ཝང་ཅུན་ཀྲེང་གིས་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་སྐབས། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བར་བྱེད་དགོས། སྒྱུར་བཅོས་སྒོ་དབྱེའི་ཚུན་དང་ལྷག་པར་དུ་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་བྱེད་པའི་རྩ་ཆེའི་ཉམས་མྱོང་ཕྱོགས་བསྡོམས་དང་བེད་སྤྱོད་བྱས་ཏེ།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་གཏིང་ཟབ་ལེན་པ་དང་།“སྲུང་སྐྱོང་གཉིས”བློ་བརྟན་འགྱུར་མེད་ངང་བྱེད་ཐུབ་པ། སྒྱུར་བཅོས་ལ་དམ་འཛིན་བྱེད་པའི་རང་འགུལ་རང་བཞིན་དང་རང་རྟོགས་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་པ་དང་། བདེན་འཚོལ་དངོས་སྒྲུབ་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལ་གསལ་སྟོན་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། འབྱུང་ཁམས། མཐའ་མཚམས་སྟོབས་ལྡན”བཅས་ཀྱི་དོན་ཆེན་བཞི་དོན་འཁྱོལ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་ལྗོངས་སུ་རྩ་བ་ཚུགས་པ་དང་གྲུབ་འབྲས་ཐོན་པའི་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད།

ཝང་ཅུན་ཀྲེང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གངས་ལྗོངས་ས་མཐོའི་མི་སེམས་སུ་གཏིང་ཟབ་འཇགས་ཐུབ་པར་བྱེད་དགོས། སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལོན་པའི་ཐད་ཤུགས་སྣོན་རྒྱག་དགོས་པ་སྟེ། རིམ་པ་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱིས“གྲོས་གཞི་དང་པོའི”ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་སྔོན་ལ་སློབ་སྦྱོང་བྱེད་པ་དང་། སློབ་སྦྱོང་གཏིང་ཟབ་བྱེད་པ་མཐའ་འཁྱོངས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་ནན་ཏན་བྱེད་པ་དང་སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་ཁྲིད་བྱེད་དགོས། སྒྲོག་འགྲེལ་གཏིང་ཟབ་བྱེད་པའི་ཐད་འབད་བརྩོན་བྱེད་དགོས་པ་སྟེ།“སྒྲོག་འགྲེལ་པ་རྩེ་གྲའི”ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གོ་བདེ་ལ་ཉན་སྤྲོ་བའི་སྐད་ཆ་སྤྱད་དེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གསལ་བཤད་གཏིང་ཟབ་བྱས་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་གོ་ཐུབ་པ་དང་། ཡིད་ལ་ངེས་པ། གོ་བ་ལེན་ཐུབ་པ། དོན་འཁྱོལ་ཐུབ་པ་བཅས་བྱེད་དགོས། རྒྱུད་རིམ་ལྡན་པའི་དྲིལ་བསྒྲགས་ཐད་འབད་བརྩོན་བྱེད་དགོས་པ་སྟེ། རིམ་པ་ཁག་དང་རིགས་ཁག་གི་སྨྱན་སྦྱོར་ལ་བརྟེན་ནས། དྲིལ་བསྒྲགས་སྒྲིག་འཛུགས་ཞིབ་ཚགས་དང་། རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འགྲེལ་བཤད་གཏིང་ཟབ་ཏུ་གཏོང་བ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གསལ་པོ་དང་། གནད་ལ་འཁེལ་བ། དམ་པ་དོན་གཉེར་བཅས་ཏན་ཏིག་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་དང་མང་ཚོགས་ཀྱི་ཁྲོད་དུ་དྲིལ་བསྒྲགས་དངོས་སུ་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

ཝང་ཅུན་ཀྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་བསྐྲུན་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། གནད་དོན་གྱི་ཁྲིད་སྟོན་མཐའ་འཁྱོངས་བྱེད་པ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་གཏོང་བ་བཅས་བྱེད་དགོས་པ་དང་། དྲིལ་བསྒྲགས་སྒྲོག་འགྲེལ་བྱེད་སྒོ་དང“གཞི་རིམ་དུ་སྐྱོད་པ་བཞི”ཟུང་འབྲེལ་བྱས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་གནད་དོན་དང་མི་དམངས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ཞིབ་ཕྲའི་གནད་དོན་གནད་ལ་འཁེལ་བའི་སྒོ་ནས་བཙལ་ཐོག་ གནད་དོན་གཞི་རིམ་དུ་ཐག་གཅོད་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོཊ་ལ་དངོས་སུ་བདེ་སྐྱིད་བསྐྲུན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཧུར་བརྩོན་དང་རང་འགུལ་གྱི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ཁྲོད་ཀྱི་བོད་ཀྱི་འཐབ་ཇུས་ཚུགས་གནས་ཁོང་དུ་དམ་པོར་ཆུད་པར་བྱེད་པ། “དོན་ཆེན་བཞིར”དམིགས་ཏེ་སྒྱུར་བཅོས་ཀྱི་ཁ་ཕྱོགས་དང་གཙོ་གནད་ཇུས་འགོད་བྱེད་པ། རང་ལྗོངས་ཀྱི་སྒྱུར་བཅོས་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོ་རྒྱུད་རིམ་ལྡན་པའི་ངང་ཕྱོགས་བསྡོམས་བཅས་བྱས་ཏེ། བོད་ཀྱི་དོན་དངོས་དང་མཐུན་པ་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱེད་དགོས། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། སྒྱུར་བཅོས་ཁག་ལག་བསྟར་བྱེད་པའི་གཙོ་གཟུགས་དང་འགན་འཁྲི་ཁ་གསལ་བཟོ་བ་དང་། སྒྱུར་བཅོས་ཁག་གི་དུས་ཚོད་རེའུ་མིག་དང་། འཆར་གཞི། འགན་འཁྲིའི་ཞིབ་ཐོ་བཅས་གཏིང་ཟབ་དང་ཞིབ་ཚགས་སུ་གཏོང་བ། འགན་འཁྲི་ཁ་གསལ་དང་། འབྲེལ་ཐག་ཆ་ཚང་། གཅིག་ལ་གཅིག་རྟེན་བཅས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཛུགས་པ། ལས་དོན་གལ་ཆེན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་པ་དང་། ལས་འགན་དང་། མྱུར་ཚད། ཕན་འབྲས་བཅས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་རིང་དུ་སྤངས་ཏེ།སྒྱུར་བཅོས་ལས་དོན་གྱི་ཕན་འབྲས་དངོས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་ལེའུ་རྩོམ་དགོས་ཞེས་ནན་གསུངས་གནང་ཡོད།

རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་དང་། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ལྷ་སར་ཡོད་པའི་ལས་བྲལ་ལས་འཁྱུར་ངལ་གསོའི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན། བོད་དམག་ཁུལ་ཁང་དང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག མཁའ་དམག་ལྷ་སའི་རྟེན་གཞིའི་འགན་འཁུར་བློ་མཐུན། ལྗོངས་ཐད་གཏོགས་སྡེ་ཚན་དང་ཚན་པའི་འགན་འཁུར་བློ་མཐུན། ལྗོངས་དོ་དམ་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁུར་བློ་མཐུན། གཞི་རིམ་མང་ཚོགས་ཀྱི་འཐུས་མི། གྲྭ་བཙུན་གྱི་འཐུས་མི། མཐོ་སློབ་ཀྱི་དགེ་སློབ་འཐུས་མི་སོགས་ཚོགས་ར་གཙོ་བོར་ཚོགས་འདུར་ཞུགས་ཡོད། སྙན་ཞུའི་ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་། ས་གནས་ཁག་གི་གྲོང་ཁྱེར་དང་། རྫོང་ཆུས། ཤང་གྲོང་རྡལ། དོན་གཅོད་ཁྲུའུ་ཁག འབྲེལ་ཡོད་མཐོ་སློབ་བཅས་སུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།

ལྷ་ས་གྲོང་ཨུད་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ས་ཁུལ་རིམ་པའི་འགོ་ཁྲིད་བློ་མཐུན་སོགས་ལྷ་སའི་ཡན་ལག་ཚོགས་ར་དང་། རྫོང་དང་ཆུས་ཁག་གི་ཡན་ལག་ཚོགས་ར་སོ་སོར་ཚོགས་འདུར་ཞུགས་ཡོད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-01 6 6 拉萨日报藏文 c185686.html 1 ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་པ། /enpproperty-->