分享按钮

ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

(པར་ངོས་དང་པོར་མཐུད)ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་བཞུགས་མོལ་ཚོགས་འདུར་བཞུགས་ཡོད། ལི་ཆང་གིས་ཀྲུང་གུང་ཀྲུང་དབྱང་གི་མངགས་བཅོལ་ལྟར་ལོ་སྟོད་ཀྱི་དཔལ་འབྱོར་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ལ་བསམ་གཞིགས་བྱེད་ཚུལ་སྐོར་ངོ་སྤྲོད་གནང་བ་རེད།

བཞུགས་མོལ་ཚོགས་འདུའི་ཐོག གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲེང་ཅན་པང་དང་། དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། དམངས་གཙོ་སྐུལ་སྤེལ་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥེང་། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧོ་ཝུའེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙུའོ་ཅུན། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལ་ཡང་མི་གཏོགས་པའི་མི་སྣའི་འཐུས་མི་ཨོའུ་དབྱང་ཁྲང་ཆུང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད། ཁོང་ཚོས། ཀྲུང་གུང་ཀྲུང་དབྱང་གིས་མིག་སྔའི་དཔལ་འབྱོར་གྱི་དུས་བབ་ཐད་གནང་བའི་དབྱེ་ཞིབ་བརྡར་གཅོད་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཐད་གནང་བའི་ཇུས་བཀོད་བསམ་གཞིགས་ལ་རྦད་དེ་མོས་མཐུན་གནང་བར་མ་ཟད། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་པའི་ཐོན་ལས་དང་ལག་རྩལ་གྱི་རྨང་གཞི་བརྟན་དུ་གཏོང་བ། ཚན་རྩལ་གྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། རང་བྱུང་ཐོན་ཁུངས་དོ་དམ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། སྐྱེ་དངོས་བཟོ་སྐྲུན་ཐོན་ལས་གོང་འཕེལ་ལ་གཅིག་གྱུར་འཆར་འགོད་བྱེད་པ། སྐམ་ས་ཆེན་མོར་ཡོད་པའི་ཐའེ་ཝན་གྱིས་མ་རྩ་བཏང་བའི་གློག་རྡུལ་ཆ་འཕྲིན་ཐོན་ལས་བརྗེ་སྒྱུར་རིམ་སྤོར་ལ་རྒྱབ་སྐྱོར་བྱེད་པ། གཞོན་ནུའི་ལས་ཞུགས་ལས་གནས་བརྟན་པོ་ཡོང་བར་བྱེད་པ་དང་རྒྱ་སྐྱེད་གཏོང་བ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་ཤུཊ་ཚད་ཆེ་རུ་གཏོང་བ། ཁེ་ལས་དང་ས་ཁང་ཐོན་ལས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་འདེཊ་སྐྱོར་བྱེད་པ། དམངས་གཉེར་དཔལ་འབྱོར་གོང་འཕེལ་གཏོང་བའི་སེམས་ཤུཊ་སྔར་བས་ཆེ་རུ་གཏོང་བ་སོཊ་ཀྱི་ཐད་བསམ་འཆར་དང་གྲོས་འགོ་བཏོན་གནང་ཡོད།

ཚང་མའི་གཏམ་བཤད་ལ་ནན་ཏན་ངང་གསན་པའི་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས། ད་ལོའི་ལོ་སྟོད་དུ། ཀྲུང་གུང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ཀྱི་མདུན་དུ། ང་ཚོས་གནོན་ཤུགས་ཐེག་པ་དང་བྱས་རྗེས་ཧུར་ཐག་བཞག་པ་དང་། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་བཏང་བ། ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་ནུས་ལྡན་བཅག་པས། དཔལ་འབྱོར་བསྐྱར་འཕར་དང་ལེགས་ཕྱོགས་སུ་འཕེལ་ཚུལ་རྒྱུན་མཐུད་ཐུབ་ཡོད་པ་དང་། སྤུས་མཐོའི་གོང་འཕེལ་ཐད་སླར་ཡང་གོམ་སྟབས་གསར་པ་སྤོ་ཐུབ་པ་བྱུང་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་གོང་འཕེལ་ལ་དཀའ་ངལ་དང་གནད་དོན་འགའ་འཕྲད་པ་དང་། དེ་ནི་གོང་འཕེལ་གཏོང་རིང་དང་བརྗེ་བསྒྱུར་བྱེད་རིང་འཕྲད་པའི་གནད་དོན་ཡིན་ཞིང་། འབད་བརྩོན་བྱས་ཚེ་རྦད་དེ་ཁྱད་བསད་བྱེད་ཐུབ། ང་ཚོས་གོང་འཕེལ་གྱི་སེམས་ཤུགས་བརྟན་དུ་གཏོང་བ་དང་། འཐབ་ཇུས་ཀྱི་ངེས་གནས་བརྟན་འཁྱོངས་བྱེད་པ། གནད་དོན་དང་འགྲན་རྩོད་ལ་རང་འགུལ་ངང་ཁ་གཏད་ཧུར་ཐག་གཅོག་པ་བཅས་བྱས་ཏེ་མིག་མཐོང་ལག་ཟིན་གྱི་སྤུས་མཐོའི་གོང་འཕེལ་གྱི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོའི་དཔལ་འབྱོར་གྱི་བཀྲག་མདངས་སྔར་བས་རྒྱས་པར་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས། ལོ་སྟོད་དུ། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་ཏང་ཤོག་གང་ལའང་མི་གཏོཊ་པའི་མི་སྣས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་གཞིཊ་པ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུཊ་གསར་པ་གོང་འཕེལ་གཏོང་བ་དང་། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་ཤར་བགྲོད་བྱེད་པ། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ནུས་ཕྱོད་མཐོ་རུ་གཏོང་བ། མི་བཟོས་རིག་ནུས་དང་དཔལ་འབྱོར་དང་སྤྱི་ཚོཊ་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ས་གནས་ཀྱི་ནོར་སྲིད་དཀའ་ངལ་སེལ་བ་སོགས་ལ་གཅིག་སྡུད་བྱས་ནས་ཐབས་འདོན་ཇུས་འབུལ་བྱེད་པ་དང་། འབྲི་ཆུའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་གི་དམངས་གཙོའི་ལྟ་སྐུལ་རྒྱུན་མཐུད་སྤེལ་བ་བཅས་བྱས་ནས་ཀྲུང་གུང་ཀྲུང་དབྱང་གི་ཚན་རིག་དང་མཐུན་པའི་ཇུས་བཀོད་བྱེད་པར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་བསྟན་ཡོད། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་སྙིང་དབུས་ནས་ཐུཊ་རྗེ་ཆེ་ཞུས་ཡོད།

ཞི་ཅིན་ཕིང་གིས་དམངས་གཙོ་ཏང་ཤོག་ཁག་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ལ་ཐུགས་རེ་གསུམ་བཏོན་ཡོད་དེ། དང་པོ། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། རྒྱ་ཆེའི་ཁོངས་མི་ཚོ་དང་དེ་བཞིན་འབྲེལ་བ་ཡོད་པའི་མང་ཚོགས་ཀྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་དོན་སྙིང་གལ་ཆེན་དང་རྩ་དོན་གལ་ཆེན། དེ་བཞིན་བྱ་ཐབས་གལ་ཆེན་བཅས་ལ་སྟངས་འཛིན་ལེགས་པོ་ཐུབ་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དག་སྤྱི་ཚོགས་ལས་རིགས་ཁག་གི་ཐུན་མོང་གི་འདོད་འདུན་དང་རང་འགུལ་གྱི་བྱ་སྤྱོད་ལ་འགྱུར་བར་བྱེད་དགོས་པ། གཉིས་པ། འཐབ་ཕྱོགས་གཅིག་འགྱུར་གྱི་ཐུན་མོང་བསམ་བློའི་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་མཐུད་བརྟན་དུ་གཏོང་དགོས་པ་དང་། བསམ་བློའི་ངོས་འཛིན་ཉིད་དཔལ་འབྱོར་གནས་བབ་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་དབྱེ་ཞིབ་དང་བརྡར་གཅོད་ཁྲོད་གཅིག་གྱུར་ཡོང་བར་བྱས་ནས། དུས་བབ་དང་སྒྱུར་བཅོས་གོང་འཕེལ་ཁྲོད་ཀྱི་གནད་དོན་ལ་ཡང་དག་པའི་ལྟ་སྟངས་འཛིན་དགོས་པ་དང་། མདུན་སྐྱོད་བྱེད་པའི་ཁྲོད་འཕྲད་པའི་ཉེན་ཁ་དང་འགྲན་རྩོད་ཁག་ལས་མཉམ་དུ་རྣམ་པར་རྒྱལ་བར་བྱེད་དགོས། གསུམ་པ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད་མུ་མཐུད་ཐབས་འདོན་པ་དང་ཤུགས་རྒྱག་དགོས་པ་དང་། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཏོན་པའི་སྒྱུར་བཅོས་ཀྱི་བྱ་ཐབས་གལ་ཆེན་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཁྲོད་ཀྱི་གནད་དོན་གལ་ཆེན་དེ་བཞིན་ལོ་ལྔ་ཚན་འཆར་གཞི་བཅོ་ལྔ་པའི་དུས་འགོའི་ཞིབ་འཇུག་དང་བཀོད་ཇུས་ལས་དོན་སོགས་ལ་དམ་པོར་གཞིགས་པ་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས། ཀྲུང་གུང་ཀྲུང་དབྱང་གིས་ཚན་རིག་དང་ལྡན་པའི་སྒོ་ནས་ཐབས་ཇུས་འདོན་རྒྱུར་དཔྱད་གཞི་མཁོ་འདོན་བྱེད་དགོས་པ་བཅས་ཡིན།

ཧྲི་ཐའེ་ཧྥེང་དང་། ལིའུ་གོ་ཀྲུང་། ཧོ་ལི་ཧྥེང་། ཀྲང་གོ་ཆིང་། ཝུའུ་ཀྲེང་ལུང་བཅས་དང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བ་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།

བཞུགས་མོལ་ཚོགས་འདུའི་ནང་ཞུགས་མཁན་གྱི་ཏང་ཕྱིའི་མི་སྣའི་གྲས་སུ་ད་དུང་ཧྲའོ་ཧུང་དང་། ཧོ་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཤིན། དབྱང་ཀྲེན། ཀྲང་ཨེན་ཏི། ཅང་ལི་ཕིང་། ཨན་ལི་ཅ། ལི་ལིན་སོགས་ཡོད།

(སྟོབས་རྒྱལ་དང་ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-01 6 6 拉萨日报藏文 c185687.html 1 ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ། /enpproperty-->