(པར་ངོས་དང་པོར་མཐུད)ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་དབར་གྱི་འབྲེལ་བ་འདི་ཁོང་དུ་ཇི་ལྟར་ཆུད་པར་བྱ་དགོས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་གྲོང་ཁྱེར་གསར་སྒྱུར་དང་འཛུགས་སྐྲུན་བྱེད་པའི་ཐད་དགེ་མཚན་ལྡན་པའི་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་ཡོད་པ།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་སྟབས་བསྟུན་ལས་ཞུགས་མི་སྣའི་ལས་འཁྱུར་ངལ་གསོ་དང་རྒན་གསོའི་ཐད་བཀོད་སྒྲིག་ཇི་ལྟར་བྱས་ཡོད་པ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་དཔེ་ཁྲིད་མི་སྐྱོང་དང་སློབ་གཉེར་བྱེད་སྟངས་ཐད་བཀོད་སྒྲིག་གསར་པ་གང་དག་ཡོད་པ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་རྒྱུའི་བཀོད་སྒྲིག་བྱས་པ་དེས་ང་ཚོ་མང་ཚོགས་ལ་ཕན་ཐོགས་གང་དག་ཡོད་པ་སོགས་ཀྱི་དྲི་བར་འདིར་བཞུགས་མང་ཚོགས་ཀྱིས་འཚང་ཁ་ཤིག་ཤིག་ངང་གཏམ་བཤད་སྤེལ་བ་རེད།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམིགས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་བྱ་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དགོངས་པ་ཞིབ་ཚགས་བཞེས་ཏེ་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་སྔར་ལས་ལྷག་པའི་སྒོ་ནས་སྒྱུར་བཅོས་སྒོ་དབྱེ་བྱེད་པའི་བརྗོད་དོན་གཙོ་བོ་ཡིན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་སྒྱུར་བཅོས་སྒོ་དབྱེའི་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱས་ནས་ཡང་དག་པའི་ལམ་བུ་འཚོལ་ཞིབ་དང་། རྒྱ་སྐྱེད་གཏིང་ཟབ་ཏུ་གཏོང་བ། ཉམས་མྱོང་གསོག་འཇོག་བཅས་བྱ་རྒྱུ་དེ་རེད། སྤྱི་ཚོགས་འགན་བཅོལ་གྱི་ཐེམ་ཁུངས་ཚད་བཀག་མེད་པར་བཟོ་བ་ནི་ཕན་པ་ཞིག་ཡིན་པ་དང་། སློབ་གསོ་སྒྱུར་བཅོས་བྱ་རྒྱུ་ནི་ཕྱོགས་ཡོངས་ཡིན་པ།སྒྱུར་བཅོས་ཀྱི་དམིགས་ཡུལ་ནི་འགོག་རྐྱེན་མེད་པའི་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་བསྐྲུན་ནས་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་བསྐྲུན་རྒྱུ་དེ་ཡིན་པ་སོགས་མང་ཚོགས་ཀྱིས་བཏོན་པའི་འགག་གནད་དང་དཀའ་གནད་ཐད། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་ཞིབ་དང་གྲོས་འཆམ་བྱུང་བའི《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ནང་བཏོན་པའི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་གཏོང་གི་བརྗོད་དོན་གཙོ་བོ་དང་། རྩ་དོན་གལ་ཆེན། བྱེད་ཐབས་གལ་ཆེན། རྩ་བའི་འགན་ལེན་བཅས་ལ་དམིགས་པ་དང་།གཞི་རིམ་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། གཏིང་ཟབ་ཅིང་གོ་སླ་ལ་ཕྱོགས་ཡོངས་ནས་དོགས་གནད་བསལ་བ་དང་འབྲེལ་རྗེས་མའི་སྒྲོག་འགྲེལ་ལས་དོན་ལ་འབྲེལ་ཡོད་མཛུབ་ཁྲིད་ཀྱང་བྱས་ཡོད།
ཐེན་ཕེ་ཡན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གསལ་འགྲེལ་གཏིང་ཟབ་གནང་ཞིང་། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་དང་། མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། སློབ་གསོ་དང་། རྒན་གསོ། ལས་ཞུགས། གྲོང་ཁྱེར་འཛུགས་སྐྲུན་སོགས་ཀྱི་ཐད་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད་པས།བོད་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་དམངས་ཕན་སྲིད་ཇུས་བརྒྱུད་སྤྲོད་བྱས་ཏེ།རེ་བར་མེས་རྒྱལ་གྱི་མཐའ་མཚམས་སུ་གནས་པའི་མི་རིགས་ཁག་གི་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་གསུང་སྒྲ་དུས་ཐོག་ཏུ་ཐོས་ཐུབ་པར་བྱས་ནས་ཐོབ་སྣང་དང་།སྐྱིད་སྣང་།བདེ་སྣང་བཅས་དོད་དུ་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།
ཡུལ་དངོས་སུ་བཞུགས་ས་སྟོང་པ་མེད་ཅིང་། ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་ལྡན་ཡོད། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཕན་ཚུན་སྤེལ་རེས་མཇུག་འགྲིལ་རྗེས། ས་གནས་ས་ཐོག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཇི་ལྟར་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུའི་ཐད་སྔར་བཞིན་སྤྲོ་སྣང་རབ་ཏུ་འཕེལ་ཞིང་སེམས་ཤུགས་ཆེན་པོ་ལྡན་ཡོད།ཁོང་ཚོས་ད་ཐེངས་ཀྱི་བྱེད་སྒོ་དེ་གོ་སྐབས་སུ་བྱས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ།ཡིད་ཆེས་བརྟན་དུ་གཏོང་བ་དང་།ཡང་འབད་བསྐྱར་འབད་བྱས་ཏེ་སློབ་སྦྱོང་གི་ཕན་འབྲས་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་སྟོབས་ཆེན་དུ་བསྒྱུར་ནས་སྒྱུར་བཅོས་བྱ་ཐབས་ཁག་གོ་རིམ་ལྡན་པའི་ངང་དོན་འཁྱོལ་དང་གྲུབ་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་ཞུས་ཧའེ་དང་ཀྲང་ཁྲུན་དབྱང་འབྲེལ་ཡོད་ཀྱི་བྱེད་སྒོར་ཞུགས་ཡོད་པ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社