分享按钮

ཞི་ཅིན་ཕིང་གིས་མ་ཏུའུ་ལུའོ་ཝེ་ནེ་ཙུའེ་ལའི་སྲིད་འཛིན་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

(པར་ངོས་དང་པོར་མཐུད)ཐུན་མོང་གོང་འཕེལ་གྱི་རོགས་ཟླ་ཡག་པོ་ཞིག་རེད། ཀྲུང་གོས་སྔར་བཞིན་ཝེ་ནེ་ཙུའེ་ལས་རྒྱལ་ཁབ་ཀྱི་བདག་དབང་དང་། མི་རིགས་ཀྱི་ལ་རྒྱ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པའི་འབད་བརྩོན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཝེ་ནེ་ཙུའེ་ལས་ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་བྱེད་པའི་དྲང་བདེན་གྱི་བྱ་གཞག་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ང་རང་ནས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། སྐུ་ཞབས་སྲིན་འཛིན་ཕྱོགས་དང་ལྷན་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་རྣམ་ཀུན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་མུ་མཐུད་སྣེ་ཁྲིད་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་སྔར་བས་མང་བ་བསྐྲུན་འདོད་ཡོད་ཅེས་བསྟན་གནང་ཡོད།

(སྟོབས་རྒྱལ་གྱིས་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-01 6 6 拉萨日报藏文 c185684.html 1 ཞི་ཅིན་ཕིང་གིས་མ་ཏུའུ་ལུའོ་ཝེ་ནེ་ཙུའེ་ལའི་སྲིད་འཛིན་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། /enpproperty-->