ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་30ཉིན། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ལས་དོན་གྱི་ཟླ་བདུན་པའི་ཡུལ་དངོས་ལྟ་སྦྱོང་བཀོད་གཏོང་ཚོགས་འདུ་དེ་སྟོད་ལུང་བདེ་ཆེན་ཆུས་སུ་འཚོགས་པ་རེད།
ཚོགས་འདུའི་ཐོག ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས་དང་། 《གཞི་རིམ་བཅོས་སྐྱོང་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། རྫོང(ཆུས)ཁག་དང་ནུས་པའི་གླིང་ཁུལ་ཁག་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་སྐོར་དང་ཕྱིས་འབྱུང་གི་ལས་ཀ་སྙན་ཞུ་ཕུལ་བ་དང་། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ལས་དོན་སྤྱིའི་སྙན་ཞུར་ཉན་པ་རེད།
ཀྲང་ཏིང་ཁྲེང་གིས་བསྟན་དོན། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་དེ་ཡུལ་དངོས་སུ་ལྟ་སྦྱོང་རྣམ་པའི་ཐོག་ནས་འཚོགས་རྗེས་ཕན་འབྲས་བཟང་པོ་ཐོན་ཡོད། ཚང་མས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ། ཐུན་མོང་ཐོག་ཡར་ཐོག་ཡག་བརྩེགས་ཡོང་བར་བྱེད་པ་བཅས་ཀྱི་སྒོ་ནས་ཉམས་མྱོང་དང་བྱེད་སྟངས་བཟང་པོ་སྔར་བས་ཕྱོཊ་བསྡོམས་དང་ཁྱབ་གདལ་དུ་གཏོང་རྒྱུའི་རེ་བ་ཡོད།
ཀྲང་ཏིང་ཁྲེང་གིས་ནན་གསུངས་གནང་དོན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་གཞི་རིམ་བཅོས་སྐྱོང་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་ནན་ཏན་བྱས་ཏེ། བསམ་བློ་གཅིག་གྱུར་གྱིས་གནས་བབ་མཐོ་རུ་བཏང་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ལས་དོན་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེཊ་བྱེད་དགོས། གནད་དོན་ལ་མཐོང་ཆེན་བྱེད་པ་དང་གནས་བབ་ལ་ངོས་འཛིན་གསལ་པོ་བྱེད་པ། གཙོ་གནད་ཁོང་དུ་ཆུད་པར་བྱེད་པ། སྒྲིག་འཛུགས་དང་དོ་དམ། བཅོས་སྐྱོང་། ཞབས་ཞུ་སོགས་ཀྱི་མ་ལག་ཚགས་དམ་དུ་གཏོང་བ་བཅས་ཀྱི་སྒོ་ནས་གཞི་རིམ་བཅོས་སྐྱོང་གི་སྲ་ཞིང་བརྟན་པའི་འཐབ་འཛིང་བཙན་རྫོང་ཁྱོན་ཡོངས་ནས་གཏོད་དགོས། འགོ་ཁྲིད་ལ་ཤུགས་སྣོན་དང་འགན་འཁྲི་ནན་དཀྲི། གཙོ་གནད་ལས་འགན་དོན་འཁྱོལ་བྱ་རྒྱུར་ནུས་ཤུཊ་ཡོད་རྒུས་འགན་ལེན་བཅས་བྱས་ཏེ། ལག་ལེན་དངོས་ཀྱི་ཐོག་ནས་གྲོང་ཨུད་ལ་བློ་ཡིད་ཚིམས་པའི་རྒྱུཊ་ལན་འབུལ་དགོས།
ཚོགས་འདུ་མ་འཚོགས་གོང་། ཚོགས་ཞུགས་པས་ད་དུང་ཉིན་ཕྱེད་ཀྱི་དུས་ཚོད་སྤྱད་དེ་སྟོད་ལུང་བདེ་ཆེན་ཆུས་དང་དཔལ་འབྱོར་གསར་སྤེལ་ཁུལ་གྱི་འབྲེལ་ཡོད་ས་ཆར་ལྟ་སྐོར་དང་ཉམས་ལེན་བྱས་པ་དང་། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ལས་དོན་གྱི་ཉམས་མྱོང་དང་ཐབས་ལམ་ཐད་ལ་བགྲོ་གླེང་བྱས་པ་རེད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社