分享按钮

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོཊ་པས་ཤ་གསར་ཟུར་དུ་ཚང་འཛོམས་གྲོས་ཚོཊ་ཀྱི་དགོངས་དོན་གསལ་འགྲེལ་བྱས་པར་ལན་ཆ་བཟང་པོ་བྱུང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། འབད་འབུངས་ཆེན་པོས་རྒྱང་ལམ་གསར་པར་མདུན་དུ་སྐྱོད་པའི་རྣམ་པ་བཟང་པོ་ཞིག་གཏོད་ཆེད། ཟླ་7ཚེས་30ཉིན་གྱི་སྔ་དྲོར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་ཁྲེང་ཀོན་ཆུས་ཤ་གསར་ཟུར་སྡེ་ཁུལ་དུ་བསྐྱོད་དེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གསལ་འགྲེལ་བྱས་པར་མ་ཟད། སྡེ་ཁུལ་གྱི་ལས་བྱེད་མང་ཚོགས་དང་སྤེལ་རེས་བྱས་པར་ལན་ཆ་བཟང་པོ་བྱུང་བ་རེད།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། 《གཏན་འབེབས》ནང་། མི་དམངས་ཀྱིས་གང་ལ་སེམས་ཁུར་དང་གང་ལ་རེ་སྨོན་བྱེད་པ་དེ། སྒྱུར་བཅོས་ཀྱི་དམ་འཛིན་བྱ་གཞི་དང་སྐུལ་འདེད་གཏང་བྱར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཡོད། ཤ་གསར་ཟུར་སྡེ་ཁུལ་གྱི་ལས་དོན་པས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས་ལག་བསྟར་བྱ་རྒྱུར་དམ་འཛིན་བྱ་རྒྱུ་དང་། སེམས་ཤུགས་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་གྱིས་ལས་དོན་བསྒྲུབས་ནས་སྒྱུར་བཅོས་ཀྱི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་དུ་བཤད།

ཤ་གསར་ཟུར་སྡེ་ཁུལ་ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན་དང་སྒྲིག་ཁྲིམས་ཞིབ་བཤེར་གྱི་ཨུ་ཡོན་བློ་བཟང་དབང་འདུས་ཀྱིས། སྒྱུར་བཅོས་ཀྱི་རྩ་བའི་ལངས་ཕྱོགས་ནི། དམངས་ཀྱི་རེ་འདུན་ལ། སྒྱུར་བཅོས་ཡིས་བརྡ་ལན་ཞུ་རྒྱུ་དེ་རེད། མིག་སྔར་ང་ཚོའི་ཤ་གསར་ཟུར་སྡེ་ཁུལ་གྱིས“གཡུལ་ས་ཆུང་གྲས”གཏོད་པ་དང་། “རྩ་བའི་ནུས་པ”ཆེ་རུ་གཏོང་བ། “གཅེས་སེམས་ཕྲན་བུར”དམིགས་པ། “དམངས་འཚོར་ཕན་པ”འདོགས་པ། “ཞབས་ཞུ་ཕྲན་བུ”སྒྲུབ་པ།“ལས་དོན་པ་བདུན”ལ་ཤུགས་སྣོན་རྒྱག་པ། “འགལ་བ་ཆུང་གྲས”སེལ་བ་བཅས་ཀྱི་སྒོ་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བ་ཟམ་མི་ཆད་པར་སྐྱིད་དུ་ཕྱིན་ཡོད། སླད་ཕྱིན། ང་ཚོས་དམངས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་བདེ་རྩར་ཐུག་པའི་ཁེ་ཕན་གྱི་གནད་དོན་མུ་མཐུད་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གྲོང་མི་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྣང་། སྐྱིད་སྣང་བཅས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།

ཤ་གསར་ཟུར་སྡེ་ཁུལ་གྱི་ལས་བྱེད་པ་བསྟན་འཛིན་དར་རྒྱས་ཀྱིས། ང་ཚོས་སླད་ཕྱིན་གྱི་ལས་ཀའི་ཁྲོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཟུང་འབྲེལ་གྱིས་གྲོང་མིའི་དགོས་མཁོར་དོ་ཁུར་ཧུར་ཐག་བྱས་ནས་ལས་ཀའི་ཐབས་ལམ་རྒྱུན་ཆད་མེད་པར་གསར་པ་གཏོད་རྒྱུ་དང་། སྒྱུར་བཅོས་ཀྱི་བྱ་ཐབས་དང་གཞི་རིམ་གྱི་དོན་དངོས་ཟུང་འབྲེལ་གྱིས་སྡེ་ཁུལ་གྱི་ཞབས་ཞུ་བསྒྲུབ་རྒྱ་ཆེ་རུ་བཏང་སྟེ། བྱ་སྤྱོད་དངོས་ཀྱི་ཐོག་ནས“དམངས་འཚོའི་གསལ་ཐོ”དེ་མི་དམངས་ཀྱི“བདེ་སྐྱིད་ཀྱི་གསལ་ཐོ”རུ་བསྒྱུར་རྒྱུ་ཡིན་ཞེས་བཤད།

ཉེ་བའི་ལོ་ཤས་རིང་། ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་འཕིགས་པའི་སྒོ་ནས་མུ་མཐུད་ལག་ལེན་མཐར་ཕྱིན་བསྟར་བ་ནི། གྲོང་མི་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཐུབ་ཡོད། ཚང་མས་ང་ཚོར་འབད་འཐབ་ཀྱི་ངར་ཤུགས་སྔར་ལས་ལྷག་པ་ཡོད་ལ་འཚོ་བ་སྔར་ལས་སྐྱིད་པ་ཡོད་ཅེས་གཅིག་རྗེས་གཉིས་མཐུད་དུ་བཤད།

ཤ་གསར་ཟུར་སྡེ་ཁུལ་གྱི་གྲོང་མི་ཀརྨ་བློ་གྲོས་ཀྱིས། འགྲིམ་འགྲུལ་དང་། སྨན་བཅོས། འཚོ་བ། ཞབས་ཞུ་སོགས་གང་ནས་བཤད་རུང་ད་ཆ་ཚང་མ་ཇེ་བཟང་དུ་འགྲོ་བཞིན་ཡོད། མ་ཟད་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གོམ་སྟབས་གསར་པ་སྤོས་ཡོད། ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་ང་ཚོའི་འཚོ་བ་སྔར་བས་བདེ་སྐྱིད་ཡོང་ངེས་ཀྱི་ཡིད་ཆེས་ཡོད་ཅེས་བཤད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-01 6 6 拉萨日报藏文 c185680.html 1 ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོཊ་པས་ཤ་གསར་ཟུར་དུ་ཚང་འཛོམས་གྲོས་ཚོཊ་ཀྱི་དགོངས་དོན་གསལ་འགྲེལ་བྱས་པར་ལན་ཆ་བཟང་པོ་བྱུང་བ། /enpproperty-->