分享按钮

པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་སྨན་བཅོས་རུ་ཁག་བཅུ་པས་རྩིས་སྤྲོད་རྩིས་ལེན་གྱི་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་29ཉིན། པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་སྨན་བཅོས་རུ་ཁག་བཅུ་པའི་དུས་ཐེངས་གཉིས་པ་དང་དུས་ཐེངས་གསུམ་པའི་རྩིས་སྤྲོད་རྩིས་ལེན་གྱི་ཚོགས་འདུ་འཚོགས་པ་རེད།

པདྨ་གཡུ་སྒྲོན་གྱིས་བསྟན་དོན། བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་རྩེར་སོན་གྱི་ལག་རྩལ་དང་། བླ་ན་མེད་པའི་སྨན་པའི་ཀུན་སྤྱོད། ལས་བཀུར་གྱི་སྙིང་སྟོབས་བཅས་ལ་བརྟེན་ནས་ལྷ་ས་གྲོང་ཁྱེར་ལ་ཆུ་ཚད་མཐོ་བའི་སྨན་ཁང་དོ་དམ་པ་དང་ནད་ཐོག་སྨན་བཅོས་ཀྱི་ཆེད་ལས་ལག་རྩལ་པ་ཁག་གཅིག་གསོ་སྐྱོང་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་གསོན་ཤུགས་གསར་པ་བསྣན་ཡོད།

པདྨ་གཡུ་སྒྲོན་གྱིས་བླང་བྱ་བཏོན་དོན། དུས་ཐེངས་གསུམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་གནས་ཚུལ་ལ་གང་མགྱོགས་རྒྱུས་མངའ་ལོན་པ་དང་། ཁ་ཕྱོགས་གང་མགྱོགས་འཚོལ་བ། ལས་ཀར་གང་མགྱོགས་ཞུགས་པ་བཅས་བྱ་དགོས་པར་མ་ཟད། “མི་རིགས་མཐུན་སྒྲིལ་ཡར་ཐོན”གྱི་དཔེ་མཚོན་གཏོད་པ་དང་། ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་བ། འབད་བརྩོན་དང་སྒྱུར་བཅོས་གསར་གཏོད་ཀྱི་བསམ་པ་འཆང་བ། ཁེངས་སྐྱུང་གིས་སློབ་སྦྱོང་བྱེད་པ། བོད་ལྗོངས་སྐོར་གྱི་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་ཁག་གང་མགྱོགས་ཁོང་དུ་ཆུད་པར་བྱེད་པ། ལུས་སེམས་ཚང་མ་སྨན་བཅོས་བོད་སྐྱོར་ལས་དོན་ནང་ཞུགས་པ་བཅས་ཀྱི་སྒོ་ནས་ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་སུ་འགྲོ་བར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-01 6 6 拉萨日报藏文 c185678.html 1 པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་སྨན་བཅོས་རུ་ཁག་བཅུ་པས་རྩིས་སྤྲོད་རྩིས་ལེན་གྱི་ཚོགས་འདུ་འཚོགས་པ། /enpproperty-->